ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན་མགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་ཏང་ཙུའུ་གྲོས་ཚོགས་ཐེངས་གཉིས་པ་དང་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི་ཉིས་སྟོང་ཉེར་གཉིས་ལོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་བརྗེ་རེས་ཞིབ་བསྡུར་བྱས་པར་མ་ཟད། འབྲེལ་ཡོད་ལས་དོན་ལ་གྲོས་ཞིབ་བྱས་པ་དང་། ཉེ་སྔོན་གྱི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་ཆབ་སྲིད་ཅུའི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་དཔྱད་གླེང་འཛིན་གྲྭའི་སློབ་མགོ་རྩོམ་པའི་མཛད་སྒོའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དེ་མིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་མགོ་ཁྲིད་ཚན་ཁག་གི་ཉིས་སྟོང་ཉེར་གཉིས་ལོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལོན་པར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་ཇེ་དྲག་ཏུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་འབུར་ཐོན་དུ་བྱས་ཏེ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་པར་དམ་པོར་དམིགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་དོན་གྱི་ཆེ་ཕྱོགས་དང་ཞིང་ཆེན་གྱི་དོན་ཆེན་གནད་དུ་བཟུང་ནས་འགན་འཁྲི་ལག་བསྟར་བྱེད་པ་དང་། ཏང་སྲིད་ཀྱི་དགོས་མཁོ་དང་མི་དམངས་ཀྱི་རེ་འདུན། སྲིད་གྲོས་ཀྱི་འགན་ནུས་བཅས་ཀྱི་གྲོས་མོལ་གྲོས་གཞིར་གཞིགས་ནས། གཏིང་ཟབ་ཏུ་ཞིབ་འཇུག་དང་རྒྱ་ཆེར་རྟོག་ཞིབ། གཏིང་ཟབ་ཏུ་གྲོས་མོལ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་ལྟ་ཚུལ་དང་སྟོབས་ཤུགས་གཅིག་བསྡུ་བྱེད་དགོས་ཟེར།
གྲོས་ཚོགས་ནས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་དམངས་གཙོ་འཚོ་བའི་ཞིབ་བསྡུར་ཞིབ་བཤེར་རྒྱུ་ཆར་གྲོས་ཞིབ་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཆབ་སྲིད་ལངས་གནས་མཐོར་འདེགས་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་མགོ་ཁྲིད་ཚན་ཆུང་གི་དམངས་གཙོ་འཚོ་བའི་ཚོགས་འདུ་དམིགས་ཚད་དུ་བཟུང་ཞིང་། སྲིད་གྲོས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་དང་ལས་ཁུངས་ཏང་ཙུའུ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཡན་ལག་ཏང་ཙུའུ་བཅས་ཀྱི་དམངས་གཙོ་འཚོ་བའི་ཚོགས་འདུ་བཟང་བོར་བསྡུ་དགོས། ཡང་དག་པའི་སྒོ་ནས་གྲོས་ཚོགས་ཀྱི་བརྗོད་སྙིང་ཁོང་དུ་ཆུད་པ་དང་། ཞིབ་བསྡུར་ཞིབ་བཤེར་གྱི་ཕྱོགས་བརྒྱད་ཀྱི་ནང་དོན་ནན་འཛིན་བྱེད་པ་དང་། རང་ཉིད་ཟབ་ཞུགས་བྱེད་དུ་འཇུག་པ་དང་འགན་འཁྲི་ཁུར་དུ་ལེན་པ། རང་གི་བྱ་བ་དམ་འཛིན་བྱས་ཏེ། བསམ་བློའི་གནད་དོན་ཐག་གཅོད་དང་དོན་དངོས་བྱ་བར་སྐུལ་འདེད་གཏོང་བ་ཟུང་འབྲེལ་གང་ལེགས་བྱེད་དགོས་ཟེར།
གྲོས་ཚོགས་ནས་སྐབས་བཅུ་གསུམ་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཏང་ཙུའུ་ཁོངས་མི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དག་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོར་སྒྲིག་འགོད་བྱེད་པ། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་འདོན་གལ་ཆེན་གྱི་གདམ་གསེས་སོགས་ལ་གྲོས་ཞིབ་བྱས།
ཞིང་ཆེན་སྲིད་གྲོས་མགོ་ཁྲིད་ཚན་ཁག་གི་ཁོངས་མི་པད་ཁོ་དང་རིན་ཆེན་རྣམ་རྒྱལ། ཁོང་ཡུང་། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥུན་ཧྲིང་། ལིས་ཞའོ་ནན། ཐེན་ཁོས། ལིའུ་ཏཱ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་བཅས་གྲོས་ཚོགས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།