མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་དཔོན་པོའི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2023.02.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་དཔོན་པོའི་གྲོས་ཚོགས་ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན་ཟི་ལིང་དུ་བསྡུས་ནས། བྱ་བར་སྤྱི་སྡོམ་བྱས་པ་དང་གནས་བབ་ལ་དབྱེ་ཞིབ་བྱས་ལ། 2023ལོའི་ཞིབ་དཔྱོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་དེ་ནན་གྱིས་བསྟན་དོན། ཞིབ་དཔྱོད་བྱ་བ་དེང་རབས་ཅན་དུ་བསྒྱུར་རྒྱུ་སྣེ་ཁྲིད་དུ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཁྲོད་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་སྔར་ལས་བཟང་བོ་བྱེད་དགོས།

ཚོགས་ཐོག་ཏུ་འདས་པའི་ལོ་ལྔ་རིང་གི་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བར་ཕྱིར་བལྟ་བྱས་པ་དང་། མིག་སྔར་གྱི་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བའི་མདུན་དུ་ལྷགས་པའི་གནས་བབ་གསར་བ་དང་འགྲན་རྩོད་གསར་བར་དབྱེ་ཞིབ་བྱས་ལ། 2023ལོའི་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བའི་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་ཆེད་དུ་ཞིབ་དཔྱོད་བྱེད་པ་རྒྱུན་འཁྱོངས་བྱེད་པ། དྲང་གཞག་ཁྲིམས་འཛིན་རྒྱུན་འཁྱོངས་བྱེད་པ། ཉེན་ཁ་འགོག་སྡོམ་བྱེད་པའི་སྟེང་ཤུགས་འདོན་པ། ཞན་ཆ་ཁ་གསབ་བྱེད་པའི་ཐད་ནས་རྩོམ་ཡིག་འབྲི་བ། དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་ལེན་པ། སྤུས་ཚད་མཐོར་འདེགས་གཏོང་བ་དང་ཁྱད་ཆོས་བསྐྲུན་པ། བྱང་ཚད་ཇེ་མཐོར་གཏོང་བ། གཞི་རིམ་སྲ་བརྟན་དུ་གཏོང་བ། དག་གཙང་ལ་འགན་སྲུང་བྱེད་པའི་བྱ་བའི་དམིགས་འབེན་ལ་སྐུལ་འདེད་གཏོང་བ། ཧུར་ཐག་གིས་ཞིབ་དཔྱོད་བྱ་བ་དེང་རབས་ཅན་དུ་བསྒྱུར་བ། རང་འགུལ་གྱིས་བཅའ་ཁྲིམས་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་ཤུགས་དང་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས2023ལོའི་ཞིབ་དཔྱོད་བྱ་བའི་ལས་འགན་ཆེན་པོ་དགུ་བཀོད་སྒྲིག་བྱས་པ་སྟེ། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་ལག་བསྟར་བྱེད་པ་དང་། ཞིབ་དཔྱོད་བྱ་བ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོང་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ། དམངས་ཚིས་ལེགས་བསྒྱུར་ཐད་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པ། གྲངས་ཀའི་ཞིབ་དཔྱོད་འཐབ་ཇུས་ལ་གཅིག་འདོམས་བྱས་ཏེ། བློ་དཀར་དག་གཙང་དང་ཁག་ཁུར་བྱེད་ཕོད་པའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།