མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2023.02.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ནས། ན་ནིང་གི་བྱ་བར་སྤྱི་སྡོམ་བྱས་པ་དང་། མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། ད་ལོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། 2022ལོར། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་བ་དང་དེའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་གཙོ་ཐིག་ཏུ་བྱས་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་ཁྲིམས་སྐྱོང་ལ་ཤུགས་བསྣན་པ་དང་། ཉེན་ཁ་བཀག་འགོག་དང་བདེ་འཇགས་ལ་འགན་སྲུང་བྱས་ཤིང་། བརྟན་འཇགས་ལ་འགན་སྲུང་བྱས་ནས། ཉེན་ཁ་དང་འགྲན་རྩོད་རབ་དང་རིམ་པ་ལས་རྒྱལ་བ་དང་། རྒྱལ་ཁ་ཆེན་པོ་བླངས་ལ། སྔོན་ཐོན་དཔེ་མཚོན་སྐོར་ཞིག་བྱུང་བ་དང་། སྐྱོད་ལམ་གསར་བའི་སྟེང་གྲུབ་འབྲས་གསར་བ་བླངས་པ་དང་སྣང་བརྙན་གསར་བ་བསྐྲུན།

ཚོགས་ཐོག་ནས། ཆབ་སྲིད་འཛུགས་སྐྲུན་གྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་སྔར་ལས་ཆེན་པོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་དགོས། མ་ལག་འདུ་ཤེས་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་སྐུལ་འདེད་ནུས་པ་སྔར་ལས་ཆེན་པོས་ཁྲིམས་སྐྱོང་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས། དཀྱིལ་སྙིང་དང་སྤྱི་ཡོངས་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཁྲིམས་སྐྱོང་གི་འགན་སྲུང་ནུས་པ་སྔར་ལས་ཆེན་པོས་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཞབས་འདེགས་ཞུ་དགོས། བློ་དཀར་བོས་འགན་འཁྲི་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འགུལ་སྐྱོད་ཀྱི་ལག་བསྟར་ནུས་པ་སྔར་ལས་ཆེན་པོས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། དངོས་གཉེར་གྱི་གཅིག་བསྡུས་ནུས་པ་སྔར་ལས་ཆེན་པོས་ཞབས་ཞུའི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྱུར་གསར་གཏོད་ཀྱི་ནུས་པ་སྔར་ལས་ཆེན་པོས་དཀའ་ཁག་ཕྱོགས་ཡོངས་ནས་ཐག་གཅོད་དགོས། ཅན་བཞི་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རང་ངོས་གསར་བརྗེའི་ནུས་པ་སྔར་ལས་ཆེན་པོས་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱས་ནས། ཧུར་ཐག་གིས་དུས་རབས་གསར་བའི་མཚོ་སྔོན་གྱི་ཁྲིམས་འཛིན་སྲིད་འཛིན་བྱ་བ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བ་བྱེད་པ། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། མི་དམངས་ཀྱི་ཆེད་དུ་ཁྲིམས་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་གསར་གཏོད་བྱས་ཏེ། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་སྤུས་ལེགས་ཕན་མཐོའི་བཅའ་ཁྲིམས་ཞབས་ཞུ་དང་བརྟན་བརླིང་ཤུགས་ཡོད་ཀྱི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།