སློབ་གསོ་པུའུ་ཡིས་རྒྱལ་ཡོངས་སློབ་ཕྱིའི་སློབ་གསོ་ཟབ་སྦྱོང་ལྟ་སྐུལ་དོ་དམ་གྱི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་བཙུགས།
2023.02.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཉེ་ལམ། གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཆེད་མཁས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྤྱི་ཚོགས་ཀྱི་སྟོབས་ཤུགས་སློབ་ཕྱིའི་ཟབ་སྦྱོང་བཅོས་སྒྲིག་ནང་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་བྱེད་ཆེད། སློབ་གསོ་པུའུ་ཡིས་ཉིས་སྟོང་ཉེར་གཉིས་ལོར་རྒྱལ་ཡོངས་སློབ་ཕྱིའི་ཟབ་སྦྱོང་ལྟ་སྐུལ་དོ་དམ་གྱི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་འདེམས་སྒྲུག་འོས་སྦྱོར་ལས་དོན་དངོས་སུ་སྤེལ་བར་མ་ཟད། རྒྱལ་ཡོངས་ཀྱི་སློབ་ཕྱིའི་ཟབ་སྦྱོང་ལྟ་སྐུལ་དོ་དམ་གྱི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་སྐབས་དང་པོའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས།

ངོ་སྤྲོད་བྱས་པ་ལྟར་ན། ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་སྐབས་དང་པོའི་ཁོངས་མིའི་ཁྲོད་དུ་སློབ་གསོ་དང་བཅའ་ཁྲིམས། དཔལ་འབྱོར། སྤྱི་པའི་སྲིད་ཇུས་སོགས་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་རིག་གནས་པ། དེ་བཞིན་སློབ་ཕྱིའི་ཟབ་སྦྱོང་དང་ལྟ་སྐུལ་དོ་དམ་ལག་ལེན་ལ་རྒྱུས་མངའ་ཡོད་པའི་ཆེད་ལས་མི་སྣ་བཅས་འདུས་ཡོད། ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་འོག་ཏུ་སྲིད་ཇུས་བློ་འདྲི་དང་ཆེད་ལས་མཛུབ་སྟོན་གྱི་ཡན་ལག་ཨུ་ཡོན་ལྷན་ཁང་གཉིས་བཙུགས་ཡོད་ཅིང་། དེའི་འགན་ནུས་གཙོ་བོ་ནི་སྲིད་ཇུས་བློ་འདོན་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ། ཟབ་སྦྱོང་ནང་དོན་གསལ་འབྱེད་ལ་མཛུབ་སྟོན་བྱེད་པ་སོགས་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།