ཝང་ཧེ་ཧུང་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་དུ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་བྱ་བར་རྟོག་ཞིབ་བྱས།
2023.02.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན། ཧྲིན་ཀྲང་གཞོན་པ་ཝང་ཧེ་ཧུང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་དུ་སོང་སྟེ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་བྱ་བར་རྟོག་ཞིབ་བྱེད་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་བཀོད་སྒྲིག་ལྟར། བྱ་བའི་འགན་འཁྲི་དང་ལེན་བཟང་བོ་བྱེད་པ་དང་། རྒྱུ་རྐྱེན་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ། དཀའ་ཁག་སེལ་བའི་སྲིད་ཇུས་དངོས་འབེབས་བཟང་བོ་བྱེད་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཧུར་ཐག་སྒོས་དུས་ཚིགས་དང་པོའི་ནང་གྲུབ་འབྲས་བཟང་བོ་ལེན་དགོས།

ཝང་ཧེ་ཧུང་སོགས་སྔ་གཞུག་ཏུ་ཟི་ལིང་ལྕགས་རིགས་སྣ་ལྔ་གཏེར་ཐོན་ཕྱིར་གཏོང་ནང་འདྲེན་ཀུང་ཟི་དང་ཟི་ལིང་ཝང་ཧྥུའུ་ཅིན་ཧེ་ཧུའུ་དངོས་འཚོང་ལྟེ་གནས།  ཟི་ལིང་ཐང་ཏའོ་ཚོང་ལས་བདག་གཉེར་ཀུང་ཟི། ཆིན་ཉིན་ཞང་པ་ལའོ་བཟའ་བཏུང་ཁང་སོགས་ལ་སོང་སྟེ་ཁེ་ལས་ཀྱི་འགན་འཁུར་བ་དང་བདག་གཉེར་དོ་དམ་མཁན། ལས་བཟོ་བ། ཁེ་ལས་ལ་རོགས་སྐྱོར་འབྲེལ་གཏུག་བྱེད་མཁན་བཅས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་ཤིང་། ཁེ་ལས་ཀྱིས་ཚོང་ར་རྒྱ་བསྐྱེད་པ་དང་དངུལ་བསྡུ་ཚོང་འགུག ཁྲལ་འཕྲི་ཡོན་གཅོག ལས་བཟོ་བ་བསྡུ་ལེན་དང་བཀོལ་སྤྱོད་བྱེད་པ་སོགས་ཕྱོགས་སུ་གནས་པའི་དཀའ་ཁག་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཡུལ་དངོས་ནས་མཐུན་སྦྱོར་སྒོས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱས།

ཝང་ཧེ་ཧུང་གིས་བསྟན་དོན། ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་སྲིད་ཇུས་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་ཁེ་ལས་ཀྱིས་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པར་རོགས་རམ་བྱེད་པ། ཁེ་ལས་ལ་ཕན་པའི་སྲིད་ཇུས་ལོངས་སུ་སྤྱོད་དགོས་ལ། ཕྱོགས་མང་པོར་ཤུགས་བསྐྱེད་དེ་ཚོང་རའི་སྔོན་དཔག་དུས་སྐབས་ལེགས་བཅོས་བྱས་ནས། ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། ཁོར་ཡུག་ལེགས་སྒྱུར་བྱས་ཏེ། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཀྱི་འབྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་ཚོང་འགུག་ཤུགས་ཚད་ཇེ་ཆེར་གཏོང་བ། ལས་གཞིའི་དངུལ་གཏོང་དམ་འཛིན་བྱེད་པ། རིག་གནས་གནས་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་མཁོ་འདོན་ལ་ཤུགས་བསྣན་ནས། སྟོབས་གསོག་ནུས་སྐྲུན་སྒོས་ཚོང་རའི་གསོན་ཤུགས་ཇེ་ཆེར་གཏོང་དགོས། ཞབས་ཞུ་ཆ་ཚང་དུ་བཏང་སྟེ། ཁེ་ལས་འགན་ལེན་མཉམ་འབྲེལ་དང་གནད་དོན་བསྡུ་གསོག ཚོགས་ཚོང་བཀོད་གཏོང། ནུས་མཐོས་ཐག་གཅོད། ལྟ་སྐུལ་མཛུབ་སྟོན་དང་དཔྱད་འཇོག་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གནད་འཁེལ་ཅན་དང་བྱེ་བྲག་ཅན། རྒྱུན་རྣམ་ཅན་དུ་བསྒྱུར་དགོས། གསར་གཏོད་གསར་སྐྲུན་བྱས་ཏེ། ཁེ་ལས་ཀྱི་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁེ་ལས་ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་པ། ཧུར་ཐག་སྒོས་ཚོང་ར་གསར་སྐྲུན་བྱེད་པ། ལས་བཟོ་བའི་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་བཏང་ནས། ཁེ་ལས་ཀྱི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་དགོས།

                                                                                                    བཀྲ་ཤིས་འབུམ་གྱིས་བསྒྱུར།