ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར། ཧྲིན་ཀྲང་གཞོན་པ་ལིས་ཧུང་ཡ་ཡིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་དུ་ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་འགུལ་སྐྱོད་སྤེལ་བ་ནི་ཚོང་རའི་གསོན་ཤུགས་ཕྱོགས་ཡོངས་ནས་བསྐྱེད་པའི་ཡུན་ཕན་ཐབས་ཇུས་ཡིན་པ་དང་བརྟན་འཇགས་བྱེད་ཐབས་ཡིན་ལ། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་པས། བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་དགོས་ལ། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱ་བ་ཁག་དམ་འཛིན་བྱས་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཏེ། སྲིད་ཇུས་ཀྱི་དཔྱིད་རླུང་དྲོན་མོ་ཚོང་ར་ཡོངས་ཀྱི་གཙོ་གཞིར་རྒྱུ་བར་བྱེད་དགོས།
ལིས་ཧུང་ཡ་ཡིས་བསྟན་དོན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་བསམ་བློའི་སྟེང་ནས་སྔར་ལས་གཙིགས་སུ་བཟུང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཐོ་ཚད་ནས་ཐེངས་འདིའི་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་འགུལ་སྐྱོད་ལ་ངོས་འཛིན་མཐོན་པོ་དང་སྟངས་འཛིན་བྱས་ཏེ། ཕྱོགས་ཡོངས་དང་ཕན་ནུས་ལྡན་པའི་སྒོ་ནས་ཁེ་ལས་ལ་རོགས་སྐྱོར་བྱས་ནས་དཀའ་ཁག་སེལ་རོགས་བྱེད་པ་དང་། ཁེ་ལས་འཕེལ་རྒྱས་ཐད་ཀྱི་ཡིད་ཆེས་ཆེ་རུ་བསྐྱེད་དགོས། རྣམ་གྲངས་སྔར་ལས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། རྣམ་གྲངས་ཀྱིས་ལས་གཉེར་ལ་སྐུལ་མ་གཏོང་བ་དང་ལས་གཉེར་གྱིས་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བ། ཡོང་སྒོ་འཕར་བར་བྱས་ནས་བརྟན་འཇགས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་སྤྱི་ཚོགས་འཆམ་མཐུན་གྱིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་དགོས། གནད་དོན་གནད་ལ་ཕོག་པར་བཙལ་ནས་ཁེ་ལས་ཀྱི་མིག་སྔའི་གནད་དོན་ཐབས་བརྒྱ་ཇུས་སྟོང་གིས་ཐག་གཅོད་དགོས། སྤྱོད་ཚུལ་སྔར་བས་དངོས་གཉེར་བྱས་ནས་སྲིད་ཇུས་རྟོགས་པ་དང་ནུས་པ་ལྡན་པ། སྤྱོད་ཚུལ་བཟང་བའི་ལས་བྱེད་པ་ཁེ་ལས་བཟོ་གྲྭ་རུ་འདེམ་མངགས་བྱས་ནས་དྲིལ་སྒྲོག་པ་བཟང་བོ་དང་འབྲེལ་འདྲིས་མཁན་བཟང་བོ་བྱེད་དུ་བཅུག་ནས་དུས་ཚིགས་སྔོན་མའི་མགོ་ཡག་པོ་རྩོམ་པར་ཁག་ཐེག་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།