《ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྒྱས་བཤད་གནད་བསྡུས》ཞེས་པའི་དཔེ་དེབ་དཔེ་སྐྲུན་འགྲེམས་སྤེལ་བྱས།
2023.02.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི། 《ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྣམ་བཤད་གནད་བསྡུས》ཞེས་པའི་དཔེ་དེ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

གྲོང་ཁྱེར་ནི་རང་རྒྱལ་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་བའི་ལྟེ་གནས་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱིའི་ཁྲོད་དུ་གནས་བབ་གལ་ཆེན་བཟུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ཁྲོད་ཀྱི་གྲོང་ཁྱེར་གྱི་ནུས་པ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཏང་གིས་གྲོང་ཁྱེར་གྱི་ལས་དོན་ལ་མགོ་ཁྲིད་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་བསྣན་པ་དང་། མི་དམངས་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ལ། མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དངོས་སུ་བསྐྱོད། བློ་མཐུན་ཞི་ཅིན་ཕིང་གིས་གྲོང་ཁྱེར་གྱི་ལས་དོན་ལ་དམིགས་ཏེ་སྤེལ་བའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པར་གཟིགས་རྒྱང་རིང་བ་དང་ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་ལྡན་ལ། གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་རིན་ཐང་ལྟ་བ་དང་བརྟག་ཐབས་སྨྲ་བ་གསལ་སྟོན་བྱས་ཡོད་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་ཆོས་ཉིད་གསལ་འདོན་གཏིང་ཟབ་བྱས་ཡོད། གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བར་སུ་ལ་བརྟེན་དགོས་པ་དང་སུའི་ཆེད་དུ་ཡིན་པའི་རྩ་བའི་གནད་དོན་ལ་ལན་གཏིང་ཟབ་བཏབ་ཡོད་པར་མ་ཟད། གྲོང་ཁྱེར་གང་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་གྲོང་ཁྱེར་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུའི་བརྗོད་གཞི་གལ་ཆེན་དང་། གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད། གྲོང་ཁྱེར་གྱི་འགྲན་རྩོད་བྱེད་ནུས་བཅས་ཆེ་རུ་གཏོང་བ། འཆམ་མཐུན་གནས་སྡོད་དང་གསོན་ཤུགས་ཀྱིས་ཕྱུག་པ། རང་རང་གི་ཁྱད་ཆོས་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ། མི་དམངས་གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བསྐྲུན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྱོན་ཡོངས་ནས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཁྲིད་སྟོན་གྱི་དོན་སྙིང་ཆེན་པོ་ལྡན།

རྒྱས་བཤད་གནད་བསྡུས་དེ་ཆེད་དོན་བདུན་དུ་དབྱེ་ཡོད་ཅིང་། ཁྱོན་རྒྱས་བཤད་ཁག་སུམ་བརྒྱ་ལྷག་གིས་གྲུབ་ཡོད། དེབ་འདིའི་ཁྲོད་དུ་བློ་མཐུན་ཞི་ཅིན་ཕིང་གི་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཅིག་པ་ནས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་བར་གྱི་སྙན་ཞུ་དང་གསུང་བཤད། རྟེན་འབྲེལ་ཞུ་ཡིག མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་བརྒྱ་དང་ཉི་ཤུ་ལྷག་གནད་བསྡུས་བྱས་ཡོད། དེབ་འདིའི་ནང་བཀོད་པའི་རྒྱས་བཤད་སྐོར་ཞིག་ནི་ཐེངས་དང་པོར་ཡོངས་བསྒྲགས་བྱས་པ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།