ཚེ་རིང་ཐར་གྱིས་མཚོ་ལྷོ་ཁུལ་དང་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས།
2023.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དང་ཀོས་ནན་རྫོང་།   མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཡུལ་ཚོ་དང་སྡེ་བ། ཞིང་ཕྱུགས་ལས་ཐོན་ལས་ཁུལ།  མཉམ་ལས་ཁང་སོགས་སུ་སོང་ནས།   ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་།    དཔྱིད་འདེབས་ཐོན་སྐྱེད་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས།   ཞིང་ཕྱུགས་ལས་རིགས་ཀྱི་ལས་གཞི་གཙོ་བོའི་འཛུགས་སྐྲུན།     ཞིང་འབྲེལ་ཁེ་ལས་ཀྱི་ལས་ཐོན་སླར་གསོ་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད།    ཐོན་སྐྱེད་བདག་གཉེར་ཁྲོད་ཀྱི་འབུར་ཐོན་དཀའ་ཁག་དང་གནད་དོན་ཡུལ་དངོས་ནས་ཐག་གཅོད་བྱས།

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཞིང་སྡེ་བྱ་བའི་གྲོས་ཚོགས།   དེ་མིན་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བཅས་ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པ་དང་།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ།     ཁེ་ལས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་བཟང་བོ་ཞུ་བ།   ཐོན་སྐྱེད་བདག་གཉེར་ཐད་ཀྱི་རྒྱུ་རྐྱེན་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།   ཁེ་ལས་ལ་རོགས་སྐྱོར་བྱས་ཏེ་འཕེལ་རྒྱས་ཀྱི་འགག་རྩ་ཡང་དག་པར་འཚོལ་བ།    ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་སྲིད་ཇུས་བྱེད་ཐབས་ལག་བསྟར་བཟང་བོ་བྱེད་པ།   ཁེ་ལས་ཀྱི་འཕེལ་རྒྱས་ཡིད་ཆེས་མཐོར་འདེགས་སུ་བཏང་སྟེ་མགྱོགས་མྱུར་ངང་ལས་ཐོན་སླར་གསོ་བྱེད་དགོས།   ས་བོན་དང་ལུད་རྫས།  ཞིང་སྨན་སོགས་ཞིང་ལས་རྒྱུ་ཆས་གྲབས་གསོག་དང་སྐྱེལ་འདྲེན།  འདོན་སྤྲོད་བྱེད་ཤུགས་ཇེ་ཆེར་བཏང་སྟེ་དཔྱིད་འདེབས་དངོས་རྫས་མཁོ་འདོན་འདང་ངེས་ཡོང་བར་འགན་སྲུང་བྱེད་དགོས་པ་དང་།   དགུན་གྲོ་ཞིང་ཁའི་དོ་དམ་ལ་ཤུགས་བསྣན་ཏེ་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།   ཐོན་ཁུངས་དགེ་མཚན་ལ་རྐང་འཛུགས་པ་དང་། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་བཟང་བོར་གཉེར་བ།    ཁེ་ལས་གཙོ་བོ་ཇེ་དྲག་ཏུ་གཏོང་བ་དང་སྦྲེལ་ཐག་ཁ་གསབ་བྱེད་པ།  ལས་རྣམ་འཕེལ་རྒྱས་སུ་གཏོང་བ།   ཚོང་རྟགས་བསྐྲུན་པ། ཞིང་ཕྱུགས་ལས་ཀྱི་སྣ་མང་བྱེད་ནུས་གསར་སྤེལ་བྱེད་པ།  གྲོང་གསེབ་ཀྱི་རིན་ཐང་སྔོག་འདོན་བྱེད་པ།  ཞིང་ལས་དང་སྦྲེལ་མཐུད་དང་ཞིང་ལས་ལ་སྐུལ་ཁྲིད་བྱེད་པའི་སྦྲེལ་མཐུད་ནང་རྐྱེན་འཐུས་ཚང་དུ་གཏོང་བ།  དབུར་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

                                                                                    ལྷ་མོ་ཚེ་རིང་གིས་བསྒྱུར།