མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས2022ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།
2023.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉི་ཤུ་ཉིན་བར། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས2022ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཚད་གཞིར་བཟུང་བ་དང་། ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་བརྗོད་དོན་ལ་དམིགས་ནས། སློབ་སྦྱོང་དང་བགྲོ་གླེང་ནན་མོ་བྱས་པ་དང་། གནད་དོན་ལ་ལྟ་ཞིབ་གཏིང་ཟབ་བྱས་ཤིང་། བསམ་བློ་བརྗེ་རེས་བྱས་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་སྒོས་སྤེལ།

ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་པར་མ་ཟད་སྤྱི་སྡོམ་གཏམ་བཤད་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་གྲོས་ཚོགས་ལ་ཞུགས་པ་དང་། ཏང་ཕྱིའི་ཀྲུའུ་ཞི་གཞོན་པ་གྲོས་ཚོགས་ལ་ཟུར་དུ་ཞུགས། ཞིང་ཆེན་ཏང་ཨུའི་ལྟ་ཞིབ་ཚན་ཆུང་བརྒྱད་པ་གྲོས་ཚོགས་ལ་ཞུགས་ནས་མཛུབ་ཁྲིད་བྱས།

ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བར་ཧ་ཅང་མཐོང་ཆེན་བྱས། གྲོས་ཚོགས་སྔོན་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་པ་དང་། དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་བརྗོད་དོན་དང་རེ་བར་ཤན་སྦྱར་ནས། མི་སྒེར་གྱི་རང་སྦྱོང་སྤེལ་བ་དང་སེམས་གཏམ་གླེང་ལ། བསམ་འཆར་བསྡུ་ལེན་བྱས་པ་དང་། གནད་དོན་ལ་ཞིབ་བཤེར་ཟབ་མོ་བྱས་ཤིང་། ཤན་སྦྱར་ཞིབ་བཤེར་གྱི་དཔྱད་གཞི་ཡིག་ཆ་བྲིས་ནས། དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བའི་ཐད་རྨང་གཞི་བརྟན་པོ་བཏིངས།

ཚོགས་ཐོག་ཏུ། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི2022ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་དང་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ། 2021ལོའི་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་བཅས་ཁྱབ་བསྒྲགས་བྱས། མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཚབ་བྱས་ནས་ཤན་སྦྱར་ཞིབ་བཤེར་བྱས་པ་དང་། འགོ་ཁྲིད་དེ་མི་སྒེར་གྱི་ཤན་སྦྱར་ཞིབ་བཤེར་བྱས་པ་མ་ཟད། རང་འགུལ་གྱིས་སྐྱོན་བརྗོད་དང་ལེན་བྱས། ཏང་ཙུའུ་ཁོངས་མིས་རེ་རེ་བཞིན་ཤན་སྦྱར་ཞིབ་བཤེར་བྱས་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས། ཏང་ཕྱིའི་ཀྲུའུ་ཞི་གཞོན་པས་ཞིང་ཆེན་སྲིད་གྲོས་ཀྱིས་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པའི་གནས་ཚུལ་ཐད་ནས་མྱོང་ཚོར་དང་བསམ་ཚུལ་གླེང་།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་འགོ་བརྩམས་་པའི་ལོ་ཡིན་ལ། སྐབས་གསར་བའི་སྲིད་གྲོས་ཚན་ཁག་གིས་འགན་སྒྲུབ་བྱེད་འགོ་བརྩམས་པའི་ལོ་ཡང་ཡིན་པས། བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱིའི་སྣེ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ལེའུ་གསར་བ་འབྲི་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་བརྗོད་དོན་གཙོ་ཐིག་ཏུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གཞུང་ལུགས་སློབ་སྦྱོང་གི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། བསམ་བློའི་དྲག་ཆས་སྟོབས་ལྡན་དེ་སྲིད་གྲོས་བྱ་བར་སྐུལ་འདེད་གཏོང་བའི་ལག་ལེན་གྱི་སྒུལ་ཤུགས་སུ་འགྱུར་བར་བྱེད་དགོས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་དོན་ཁོང་དུ་ཆུད་པར་བྱེད་པ་དང་། དཀྱིལ་སྙིང་ལ་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ། འགན་སྒྲུབ་ཀྱི་དཀྱིལ་སྙིང་དུས་རིམ་འབུར་དུ་ཐོན་པར་བྱས་ནས། ཧུར་ཐག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་དེ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་ལྟ་བར་བསྒྱུར་དགོས། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ་བཅས་སྣེ་ཁྲིད་དེ་ལག་བསྟར་ནན་མོ་བྱེད་པ་དང་། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་བརྟན་སྲུང་བྱེད་པ། རྟོག་ཞིབ་གྲོས་མོལ་ལ་ཤུགས་སྣོན་པ་དང་ལེགས་སྒྱུར་བྱས་ཏེ། བྱ་བའི་གྲུབ་འབྲས་རྒྱུན་མ་ཆད་པར་མཐོར་འདེགས་སུ་གཏོང་དགོས། གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དམ་འཛིན་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་རྩ་ལག་མཉམ་བཅོས། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་པ་བཅས་རྒྱུན་འཁྱོངས་བྱེད་པ། དམངས་གཙོ་འཚོ་བའི་གྲོས་ཚོགས་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱས་ནས། གྲུབ་འབྲས་དངོས་ཀྱིས་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།