ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཅུའུ་ཀྲང་གི་གྲོས་ཚོགས་བསྡུས།
2023.02.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན།  ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཅུའུ་ཀྲང་གི་གྲོས་ཚོགས་བསྡུས་ཏེ་ཉིས་སྟོང་ཉེར་གཉིས་ལོའི་བྱ་བར་སྤྱི་སྡོམ་དང་། ད་ལོའི་ལས་འགན་གཙོ་བོར་ཞིབ་འཇུག་བཀོད་སྒྲིག་བྱས་པར་མ་ཟད།    སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་བཅུ་བཞི་ལ་གཟེངས་བསྟོད་རྟགས་མ་དང་གཟི་བརྗིད་དཔང་ཡིག་གནང་།

གྲོས་ཚོགས་ནས་བསྟན་དོན།  འདས་པའི་ལོ་གཅིག་གི་རིང་ལ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ།  ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་མ་ལག་གིས་རིག་གནས་རང་རྟོན་རང་འཕེལ་ལ་སྐུལ་འདེད་གཏོང་བ་དང་།   རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པའི་དམིགས་འབེན་ལས་འགན་ལ་དམིགས་ཏེ་སྤྱི་བའི་ཞབས་ཞུའི་བྱེད་ནུས་མངོན་གསལ་གྱིས་མཐོར་འདེགས་སུ་བཏང་བ་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་མ་ལག་ལ་སྐུལ་འདེད་བཏང་ཞིང་།   རིག་དངོས་སྲུང་སྐྱོབ་དང་བཀོལ་སྤྱོད་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ལ།    ཐོན་ལས་འཕེལ་རྒྱས་ཐད་སྤུས་འདེགས་ནུས་སྐྱེད་བྱས་པར་མ་ཟད།     སྐྱེ་ཁམས་ཡུལ་སྐོར་མཐུན་སྦྱོར་སྒོས་འཕེལ་རྒྱས་དང་ཚན་རྩལ་སློབ་གསོ་གསར་སྐྲུན་འཕེལ་རྒྱས།   བཅོས་སྐྱོང་བྱེད་ནུས་མངོན་གསལ་སྒོས་མཐོར་འདེགས་སུ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་བཏང་།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན།  ཉིས་སྟོང་ཉེར་གསུམ་ལོར།   ཞིང་ཆེན་རིག་གནས་དང་ཡུལ་སྐོར་མ་ལག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བས་བཏོན་པའི་དམིགས་འབེན་བླང་བྱ་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་།   ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་ལྔ་བཟང་བོར་བསྒྲུབ་པ།   ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ནམ་ཡང་རྒྱུན་འཁྱོངས་བྱེད་པ།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བྱེད་པ།   ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས།   ལས་དོན་བཅུ་དམ་འཛིན་བཟང་བོ་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་གཏིང་ཟབ་བྱེད་པ་དང་།   རིག་རྩལ་གསར་རྩོམ་དར་རྒྱས་སུ་གཏོང་བ།   སྤྱི་བའི་རིག་གནས་ཞབས་ཞུ་ཆུ་ཚད་མཐོར་འདེགས་སུ་གཏོང་བ།   རིག་དངོས་སྲུང་སྐྱོབ་དང་བཀོལ་སྤྱོད་ཐད་ཤུགས་སྣོན་པ།    གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ།   ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ།   ཡུལ་སྐོར་ལས་རིགས་དར་རྒྱས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    རིག་གནས་ཁྲོམ་ར་ཚད་ལྡན་དང་གོ་རིམ་ལྡན་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ།   ཕྱི་ཕྱོགས་སུ་རིག་གནས་བརྗེ་རེས་དང་ཡུལ་སྐོར་ཁྱབ་གདལ་དུ་གཏོང་བར་སྐུལ་འདེད་གཏོང་བ།  ཡུལ་སྐོར་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་པར་རིག་གནས་ཡུལ་སྐོར་གྱི་སྟོབས་ཤུགས་འབུལ་དགོས།

                                                                                                          ལྷ་མོ་ཚེ་རིང་གིས་བསྒྱུར།