ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། སྐབས་བཅུ་བཞི་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་ཐེངས་གཉིས་པ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་སྐོར་ཞིབ་ཚན་ཆུང་ལྔ་དུས་མཉམ་དུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་དེའི་ཁོངས་གཏོགས་ཐུན་རིན་གྲོང་ཁྱེར་དང་། གཅན་ཚ་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་དེའི་ཁོངས་གཏོགས་ཀྱི་གུང་ཧོ་རྫོང་། ཁྲི་ཀ་རྫོང་། ཞིན་ཧེ་རྫོང་། ཐུན་ཏེ་རྫོང་། མཚོ་ཤར་གྲོང་ཁྱེར་གྱི་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བཅས་ས་ཁུལ་བཅུ་གཅིག་ཏུ་སོང་ནས་མི་འདེམ་མི་བཀོལ་བྱ་བའི་ཆེད་དོན་ཞིབ་བཤེར་བྱ་བ་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་བཤེར་ཚན་ཆུང་གིས་ལས་བྱེད་པ་འདེམ་བཀོལ་བྱ་བའི་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྗེས་འདེད་རྩད་གཅོད་ཀྱི་བྱེད་ཐབས་དང་། མཚོ་སྔོན་ཞིང་ཆེན་གྱི་སྐོར་ཞིབ་དང་ཟུང་འབྲེལ་བྱས་ཏེ་མི་འདེམ་མི་བཀོལ་གྱི་ཆེད་དོན་ཞིབ་བཤེར་བྱ་བའི་ཚོད་ལྟའི་བྱེད་ཐབས་ཀྱི་བླང་བྱ་ལྟར། སྐོར་ཞིབ་ས་ཁུལ་དུ་ཐེངས་སྔོན་མའི་སྐོར་ཞིབ་རྗེས་ཀྱི་མི་འདེམ་མི་བཀོལ་བྱ་བའི་གནས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་ཡིན་པ་དང་། ཞིབ་བཤེར་བྱེད་ཡུལ་གཙོ་བོ་ནི་སྐོར་ཞིབ་བྱེད་ཡུལ་དང་དེའི་རིམ་པ་རྗེས་མའི་ཏང་རྩ་འཛུགས་དང་མགོ་ཁྲིད་ཚན་ཁག་གི་ཁོངས་མི་རེད། ཞིབ་བཤེར་བྱ་བ་དེ་སྙན་ཞུ་ལ་ཉན་པ་དང་། རེ་རེ་བཞིན་གླེང་མོལ་བྱེད་པ། རྒྱུ་ཆར་ཞིབ་བཤེར་བྱེད་པ། འཕྲིན་བཅར་ཞུ་གཏུག་དང་ལེན་བྱེད་པ་སོགས་བྱེད་ཐབས་སུ་བྱས་ཡོད་ལ། སྐོར་ཞིབ་ས་ཁུལ་གྱི་ཏང་ཨུས་མི་འདེམ་མི་བཀོལ་གྱི་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱེད་པ་དང་། མགོ་ཁྲིད་དང་འགག་སྒོ་སྲུང་བའི་ནུས་པ་འདོན་སྤེལ་བྱེད་པ། ཡང་དག་པའི་མི་བཀོལ་ཁྲིད་ཕྱོགས་འཛུགས་པ། རྩ་འཛུགས་ཀྱི་མི་དོན་སྒྲིག་ཁྲིམས་ནན་མོ་ཡིན་མིན། མི་འདེམ་མི་བཀོལ་བྱ་བའི་སྤུས་ཚད་ཇེ་མཐོར་གཏོང་བ། ལས་བྱེད་པའི་ཉིན་རྒྱུན་གྱི་དོ་དམ་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ་སོགས་ཕྱོགས་ཀྱི་གནས་ཚུལ་གཙོ་བོར་བཟུང་ནས་རྒྱུས་ལོན་བྱེད་རྒྱུ་ཡིན་ལ། མི་འདེམ་མི་བཀོལ་བྱ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་དང་ཡོ་བསྲང་བྱེད་པ་དང་། མི་འདེམ་མི་བཀོལ་བྱ་བའི་དར་སྲོལ་ཡོ་བསྲང་བྱས་ནས། སྲིད་གཙང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་ཤིག་བསྐྲུན་རྒྱུ་རེད།
རིག་འཛིན་སྒྲོལ་མས་བསྒྱུར།