ཞི་ཅིན་ཕིང་གིས་པཱ་ཞིའི་ཧྲིན་པའོ་ལོ་མངའ་སྡེ་རུ་དྲག་ཆར་གྱི་གནོད་འཚེ་ཐེབས་པའི་ཐད་ནས་པཱ་ཞིའི་ཙུང་ཐུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་། 
2023.02.23 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པཱ་ཞི་རུ་དྲག་ཆར་གྱི་གནོད་འཚེ་ཐེབས་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པའི་ཐད་ནས་པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ལ་འཚམས་འདྲིའི་གློག་འཕྲིན་བཏང་། 

ཞི་ཅིན་ཕིང་གིས་བསྟན་དོན། པཱ་ཞིའི་ཧྲིན་པའོ་ལོ་མངའ་སྡེ་རུ་དྲག་ཆར་གྱི་གནོད་འཚེ་ཚབས་ཆེན་ཐེབས་ནས། མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བཟོས་པའི་གནས་ཚུལ་ཐོས་རྗེས། བདག་གིས་འདས་པོ་དག་ལ་སེམས་གཏིང་ནས་མྱ་ངན་ཞུས་པ་དང་། འདས་པོའི་ཁྱིམ་མི་དང་གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་ནས། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཞེས་གསུངས། 


བསོད་ནམས་ཚེ་རིང་གིས་བསྒྱུར།