ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། ལོ་གསུམ་རིང་རང་རྒྱལ་གྱི་རིམས་ནད་འགོག་སྡོམ་ཐད་ནས་བླངས་པའི་ཐག་གཅོད་རང་བཞིན་གྱི་རྒྱལ་ཁར་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། མིག་སྔར་གྱི་རིམས་ནད་འགོག་སྡོམ་གྱི་གནས་བབ་གསར་བར་དབྱེ་ཞིབ་ཟབ་མོ་བྱས་ལ། དུས་རིམ་གསར་བའི་རིམས་ནད་འགོག་སྡོམ་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་བཀོད་སྒྲིག་བཟང་བོ་བྱས། བློ་བརྟན་འགྱུར་མེད་ཀྱིས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། ལོ་གསུམ་ལྷག་ལ་རང་རྒྱལ་ཀྱི་ཆེས་སྤྱིར་བཏང་མིན་པའི་རིམས་རྒོལ་རིམས་འགོག་རྒྱུད་རིམ་ཐད་ནས་མིའི་རིགས་ཀྱི་རིག་གནས་ལོ་རྒྱུས་སྟེང་གི་མི་གྲངས་མང་བའི་རྒྱལ་ཁབ་ཆེན་པོས་རིམས་ནད་འགོག་སྡོམ་གྱི་རྒྱལ་ཁ་བླངས་པའི་ངོ་མཚར་བའི་གྲུབ་འབྲས་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གི་རིམས་ནད་གནས་བབ་ཐད་ཀྱི་བརྡར་གཅོད་གལ་ཆེན་དང་འགོག་སྡོམ་བྱ་བའི་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན། འགོག་སྡོམ་ཐབས་ཇུས་ཐད་ཀྱི་ལེགས་སྒྲིག་གལ་ཆེན་ཧ་ཅང་ཡང་དག་ཡིན། རིམས་ནད་ཁ་བའི་རིགས་ལ་ཁ་རིམ་པའི་དོ་དམ་བྱེད་པ་ནི་རང་དགར་བསྐྱུར་བ་མིན་ལ། རང་ཞིང་གི་སྤྱི་ཐུན་འཕྲོད་བསྟེན་དང་སྨན་བཅོས་མྱུར་སྐྱོབ། གཞི་རིམ་ཞབས་ཞུ་འགན་སྲུང་ཕྱོགས་ཀྱི་མི་འདང་སར་ཁ་གཏད་དེ། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བ། ཕན་པ་ལྡན་པའི་སྒོ་ནས་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་ནས། བླངས་པའི་གྲུབ་འབྲས་ཆེན་པོ་སྲ་བརྟན་དུ་གཏོང་དགོས། རིམས་ནད་གནས་བབ་ཀྱི་འགུལ་རྣམ་འགྱུར་ལྡོག་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འགོག་སྡོམ་བྱེད་ཐབས་དང་དོ་དམ་རྣམ་པ་འོས་འཚམ་གྱིས་ལེགས་སྒྲིག་བྱེད་པ། རིམས་ནད་ལྟ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་པ། སྨན་བཅོས་སྲོག་སྐྱོབ་ཐོན་ཁུངས་བཀོད་གཏོང་བྱེད་པ། ཞིང་སྡེ་འབྲོག་ཁུལ་གྱི་སྨན་བཅོས་འགན་སྲུང་ནུས་པ་མཐོར་འདེགས་གཏོང་བ། པྲོག་གསར་གློ་ཚད་ཀྱི་འགོག་སྨན་རྒྱག་པའི་བྱ་བ་རྒྱུན་མཐུད་ངང་བཟང་བོར་བསྒྲུབ་པ། སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། གློ་བུར་བྱུང་བའི་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས།
ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའི་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་གལ་ཆེན་བཏོན་པ་དང་། ཇུས་ཆོད་ཆེན་པོ་བཀོད་ལ། ལས་འགན་ཆེན་པོ་བཀོད་སྒྲིག་བྱས་པ་དང་། རྣམ་པ་གསར་བ་དང་གྲུབ་འབྲས་གསར་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་ལ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་གཏན་ཕབ་གཉིས་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་སྔར་ལས་ཇེ་དྲག་ཏུ་བཏང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་ཀྲུང་དབྱང་གིས་ནམ་ཡང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ནམ་ཡང་བཅོས་བསྒྱུར་བྱེད་པ་མངོན་པར་བྱས་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱིས་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་སྣེ་ཁྲིད་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོར་བརྟེན་ནས་ལག་བསྟར་དམ་འཛིན་བྱེད་དགོས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་འགྲེང་ནས། འཕེལ་རྒྱས་ཀྱ་ཆགས་སྟངས་གསར་བ་མྱུར་དུ་འཛུགས་པའི་དོན་སྙིང་གལ་ཆེན་ལ་འགྲེལ་བཤད་གསལ་བོ་བྱས་པ་དང་། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་འཛུགས་པའི་ལས་འགན་གཙོ་བོ་དང་བྱེད་ཐབས་གལ་ཆེན་བཀོད་སྒྲིག་བྱས་ཏེ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་གཞི་འཛིན་ས་གལ་ཆེན་འདོན་སྤྲོད་བྱས། དགོངས་དོན་གྱི་ངོ་བོར་སློབ་སྦྱོང་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་རྒྱུན་དུ་སློབ་སྦྱོང་བྱེད་པ་དང་། མཚོ་སྔོན་གྱི་བྱ་བ་དེ་རྒྱལ་ཡོངས་ཀྱི་བྱ་བ་སྤྱིའི་ཁྲོད་བཞག་ནས་འཆར་འགོད་བྱེད་པ། འཁོར་རྒྱུག་ཆེན་པོ་དང་འཁོར་རྒྱུག་ཟུང་གི་ཁྲོད་བཞག་ནས་སྐུལ་འདེད་གཏོང་བ། ཁུལ་གནས་ཀྱི་དགེ་མཚན་དང་ས་གཤིས་ཀྱི་ཆ་རྐྱེན་སྔོག་འདོན་གང་ལེགས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་རྒྱུད་རིམ་ནང་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པར་བྱེད་པ་དང་ཞབས་འདེགས་ཞུ་དགོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་ཀྱི་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། སྲིད་ཇུས་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་བཀོལ་སྤྱོད་བཟང་བོ་བྱེད་པ། མཚོ་སྔོན་གྱི་དགོས་མཁོ་དང་ཕ་རོལ་གྱི་ནུས་པར་དམིགས་ནས། ཡུན་རིང་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་ཐད་ནས་རྩོམ་ཡིག་འབྲི་དགོས། མཐའ་འཁོར་ཞིང་ཆེན་བར་འཕེལ་རྒྱས་དང་ཐོན་ཁུངས། གཏན་འཇགས་སྲུང་སྐྱོང་བྱེད་པའི་ཐད་ནས་མཉམ་ལས་སྤེལ་བ་དང་། བརྗེ་རེས་འབྲེལ་མཐུད་ལ་ཤུགས་བསྣན་ནས། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་དགོས། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བའི་ཁྲོད་འདྲེས་པར་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ། ལས་བྱེད་པ་འགྲམ་རྒྱུད་འཕེལ་རྒྱས་ས་ཁུལ་དང་མཚོ་སྔོན་ཞིང་ཆེན་དང་ཐག་ཉེ་བའི་ས་ཁུལ་དུ་སོང་ནས་ཉམས་མྱོང་ལ་སློབ་སྦྱོང་བྱེད་པར་སྐུལ་སློང་གཏོང་བ། གནད་དོན་ཁྱེར་ནས་བསམ་གཞིགས་གཏོང་བ་དང་རྒྱུགས་ལན་ཁྱེར་ནས་ཕྱིར་ལོག་ནས། མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྔར་ལས་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་དགོངས་དོན་གལ་ཆེན་དང་རྒྱལ་ཡོངས་འཕྲིན་བཅར་ཅུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སུས་གཙོ་འགན་ཁུར་བ་དང་སུས་འགན་ཁུར་བ། སུས་སྣེ་ཁྲིད་པ། སུས་མཐུན་སྦྱོར་བྱེད་པ་རྒྱུན་འཁྱོངས་བྱེད་པ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། འཕྲིན་བཅར་གྱི་རྣམ་པ་གྲུབ་པར་བྱེད་དགོས། གནད་དོན་ཐག་གཅོད་པའི་རྣམ་འགྱུར་གཞིར་བཟུང་བ་དང་། གནད་དོན་ལ་ཐད་ཀར་ཁ་གཏད་པ་དང་གནད་དོན་ཐག་བཅད་དེ། འཕྲིན་བཅར་གནད་དོན་ཚང་མར་དོ་དམ་བྱེད་མཁན་ཡོད་པ་དང་སྒྲུབ་མཁན་ཡོད་པར་ཁག་ཐེག་བྱེད་པ་དང་། དཔོན་པོ་གསར་བས་རྩིས་ཐོ་རྙིང་བར་བལྟ་བ་དང་། འགན་འཁྲི་དང་གནོན་ཤུགས་རིམ་པ་བཞིན་བརྒྱུད་སྒྲོག་བྱེད་པ། འཕྲིན་བཅར་བསྒྲུབ་པའི་སྤུས་ཚད་མཐོར་འདེགས་བཏང་ནས། ཧུར་ཐག་གིས་མང་ཚོགས་ཡིད་ཚིམ་པར་བྱེད་དགོས།
ཚོགས་ཐོག་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ཡིན་པས། ཆབ་སྲིད་ཀྱི་མཐོ་ཚད་ནས་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། རྣམ་འགྱུར་བརྟན་པོ་དང་ཆོད་སེམས་བརྟན་པོ། བྱེད་ཐབས་བཟང་བོར་བརྟེན་ནས། 2022ལོའི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཉེན་བརྡའི་གློག་བརྙན་ལས་མངོན་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། སྤུས་ཚད་མཐོ་བའི་ངང་དུས་བཀག་ལྟར་དག་ཐེར་ལེགས་བཅོས་ལས་འགན་ཡོངས་འགྲུབ་བྱེད་པ། གཅིག་ཤེས་ཀུན་གྲོལ་གྱིས་བྱ་བར་སྐུལ་འདེད་གཏོང་བ། བཞུར་རྒྱུད་ས་ཁོངས་ཡོངས་སུ་རང་བཤེར་ཡོ་བསྲང་བྱེད་པ། ཞན་ཆ་ཁ་གསབ་བྱེད་པ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ། ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། འགོ་ཁུངས་ནས་བཅོས་སྐྱོང་བྱེད་པའི་གྲུབ་འབྲས་དངོས་ལ་བརྟེན་ནས། འགོ་ཁུངས་ཀྱི་འགན་འཁྲི་དང་གཞུང་རྒྱུན་གྱི་ཁག་ཁུར་ཕྲག་ཏུ་ལེན་དགོས།
རིན་ཆེན་མཚོས་བསྒྱུར།