ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་རྒྱལ་ཁབ་ཞིབ་དཔྱོད་པའི་སློབ་གླིང་གི་མཚོ་སྔོན་ཡན་ལག་སློབ་གླིང་དུ་ཚོགས་མགོ་བརྩམས། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་གིས་སྐུལ་སློང་གཏམ་བཤད་སྤེལ།
གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་དགོས་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདས་པའི་ལོ་ལྔའི་རིང་བླངས་པའི་རླབས་ཆེན་གྲུབ་འབྲས་དང་དུས་རབས་གསར་པའི་རླབས་ཆེན་འཕོ་འགྱུར་ལ་གོ་བ་ཟབ་མོ་ལེན་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་བར་གོ་བ་ཟབ་མོ་ལེན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཚན་རིག་གི་དོན་སྙིང་དང་ངོ་བོའི་བླང་བྱ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཁྲིམས་སྐྱོང་འཛུགས་སྐྲུན་དང་། རྒྱལ་ཁབ་བདེ་འཇགས་དང་ཞིབ་དཔྱོད་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་བཅས་ལ་གོ་བ་ཟབ་མོ་ལེན་དགོས།
གྲོས་ཚོགས་སྟེང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་དོན་སྙིང་དང་དགོངས་དོན་གྱི་ངོ་བོར་རྒྱུས་ལོན་ཡང་དག་བྱས་ཏེ་ཇི་མ་ཇི་བཞིན་དང་ཡིག་འབྲུ་རེ་རེ་བཞིན་སློབ་སྦྱོང་བྱེད་དགོས། བསམ་གཞིགས་ཞིབ་མོ་བཏང་སྟེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་བསམ་བློ་གལ་ཆེན་དང་ལྟ་བ་གལ་ཆེན། འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ལ་དམ་དུ་དམིགས་པ་དང་། མཚོ་སྔོན་གྱི་ཞིབ་དཔྱོད་བྱ་བའི་དོན་དངོས་དང་དམ་པོར་སྦྲེལ་བ། ཞིབ་དཔྱོད་སྡེ་ཁག་གིས་ལག་བསྟར་དོན་འཁྱོལ་བྱེད་པའི་བསམ་ཕྱོགས་བྱེད་ཐབས་ལ་མ་ལག་ལྡན་པའི་བསམ་གཞིགས་དང་འཆར་འགོད་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་སྡེ་ཁག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དེ་དུས་སྐབས་གཉིས་སུ་བགོས་ཡོད་པ་དང་། ཞིང་ཆེན་ཞིབ་དཔྱོད་ཁང་དང་གྲོང་ཁྱེར་དང་ཁུལ་སོ་སོའི་ཞིབ་དཔྱོད་ཁང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། གཞི་རིམ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་ཞིབ་དཔྱོད་ཁང་སོགས་ཀྱི་མི་ཉིས་བརྒྱ་གོ་དྲུག་ལ་གསོ་སྦྱོང་བྱེད་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།