ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་རྗེས། རང་ཞིང་གིས་མྱུར་དུ་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ་བཀོད་སྒྲིག་དང་དངོས་འབེབས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། དེང་སྐབས་ཀྱི་རིམས་ནད་འགོག་སྡོམ་གནས་བབ་ལ་དམིགས་ཤིང་། རིམས་ནད་ཁ་པའི་རིགས་ལ་དོ་དམ་བྱེད་ཐབས་རིམ་པ་ཁ་པ་སྤྱོད་པའི་བླང་བྱ་ལྟར། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དང་འཕྲལ་བསྟུན་ཐག་གཅོད་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་བ། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ་དང་ནུས་པ་ཆེ་བའི་སྒོ་ནས་རང་ཞིང་གི་རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱེད་དགོས།
ཁྲིན་ཀང་གིས་བསྟན་དོན། རང་རྒྱལ་གྱིས་རིམས་ནད་འགོག་སྡོམ་ཐད་ནས་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས་པར་ངོས་འཛིན་གང་ལེགས་བྱེད་པ་དང་། དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་པར་རག་ལས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ཆ་ནས་མགོ་བཟང་བོ་ཁྲིད་པར་རག་ལས་ཤིང་། དུས་དང་གནས་བབ་ལ་བསྟུན་ནས་རིམས་འགོག་སྲིད་ཇུས་དང་བྱེད་ཐབས་ལེགས་སྒྱུར་དང་ལེགས་སྒྲིག་བྱས་ནས། རིམས་ནད་འགོ་ཤུགས་ཆེ་ཞིང་ཤི་ཚད་མཐོ་བའི་ནད་དུག་ཚོད་འཛིན་གང་ལེགས་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བཟང་བོ་བྱས། རང་ཞིང་གི་འཕེལ་རྒྱས་ལ་དུས་སྐབས་རང་བཞིན་གྱི་ཚོད་འཛིན་ཐེབས་པ་དང་སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ལྟོས་བཅས་སྒོས་ཞན་ནའང། རྒྱལ་ཡོངས་དང་མཉམ་དུ་རིམས་ནད་འགོག་སྡོམ་ཐད་ནས་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས་པ་ནི་ཏང་ཀྲུང་དབྱང་གི་སྟོབས་ལྡན་འགོ་ཁྲིད་དང་འབྲལ་ཐབས་མེད་པ་དང་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་དང་འབྲལ་ཐབས་མེད་པས། དྲིལ་སྒྲོག་དང་སྣེ་ཁྲིད་ལ་ཤུགས་བསྣན་ནས། བསམ་བློ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས།
ཁྲིན་ཀང་གིས་བསྟན་དོན། དེང་སྐབས་རང་ཞིང་གི་རིམས་ནད་འགོག་སྡོམ་གནས་བབ་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་ནའང་ས་ཁུལ་ཁ་ཤས་སུ་རིམས་ནད་བྱུང་དང་འབྱུང་བཞིན་ཡོད་པས། རྒྱུན་མཐུད་སྒོས་རིམས་ནད་འགོག་སྡོམ་བྱ་བ་དང་དམ་པོར་སྦྲེལ་ཏེ། བློ་བརྟན་འགྱུར་མེད་སྒོས་ཕྱོགས་བཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། བདེ་ཐང་འགན་སྲུང་དང་རིམས་ནད་འགོག་སྡོམ་གཅིག་སྡུད་བྱེད་པ། རྒྱལ་ཡོངས་སུ་རིམས་ནད་བྱུང་བའི་གནས་བབ་ལ་གཞིགས་ཏེ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མི་འདང་ས་དང་རོང་འབྲོག་ཕྱོགས་ཀྱི་རིམས་ནད་འགོག་སྡོམ་ཞན་ཆར་རྩད་གཅོད་ནན་མོ་བྱེད་པ་དང་། རིམས་ནད་འགོག་སྡོམ་དང་འཕྲལ་བསྟུན་སྔོན་དཔག་ཇུས་གཞི་སྔར་ལས་འཐུས་ཚང་དང་ལེགས་སྒྱུར་བྱེད་པ། འགོག་སྨན་རྒྱག་པའི་ཁེབས་རྒྱ་ཇེ་ཆེར་གཏོང་བ། སྨན་བཅོས་རྒུད་སྐྱོབ་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྨན་བཅོས་ཞབས་ཞུའི་མཁོ་འདོན་རྒྱ་བསྐྱེད་པ། སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། རྒྱུན་མཐུད་སྒོས་འཕྲལ་བསྟུན་རང་བཞིན་གྱི་འགན་སྲུང་བྱེད་ཐབས་ལེགས་སྒྱུར་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་ལྷོད་གཡེང་གི་བསམ་བློ་ཁྱད་སེལ་བྱས་ནས་མུ་མཐུད་དུ་དུས་སྐབས་སྔོན་ལ་གཏན་འཁེལ་བྱས་པའི་འགོག་སྡོམ་བྱེད་ཐབས་སྣ་ཚོགས་ལེགས་སྒྱུར་བྱེད་དགོས། རྒྱུན་མཐུད་སྒོས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་བཟང་བོ་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་བསམ་བློའི་འགོག་ར་དང་བྱ་བའི་འགོག་ར་བརྟན་སྲུང་བྱེད་པ་དང་། རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་རྒྱ་ཆེར་སྤེལ་ཞིང་བདེ་འཇགས་ཐོན་སྐྱེད་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་དང་། ཁེ་ལས་ཀྱི་རྒྱུན་ལྡན་ཐོན་སྐྱེད་བདག་གཉེར་འགན་སྲུང་བྱས་ནས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཐད་ལ་ནུས་ལྡན་ཆ་རྐྱེན་བསྐྲུན་དགོས། རྒྱུན་མཐུད་སྒོས་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཇེ་ཆེར་བཏང་སྟེ། རིམས་ནད་འགོག་སྡོམ་ཁྲོད་འཚོལ་ཞིབ་བྱས་པའི་སྒྲུབ་སྟངས་གསར་བ་དང་ཉམས་མྱོང་བཟང་བོ་སྤྱི་བསྡོམས་བྱེད་པ་དང་། གཞི་གྲངས་ཆེན་པོ་ལས་ཐོབ་པའི་ནུས་ལྡན་བྱེད་ཐབས་དེ་སྤྱི་ཚོགས་བཅོས་སྐྱོང་ཁྲོད་དུ་བཀོལ་སྤྱོད་བྱེད་པ། ཧུར་ཐག་སྒོས་སྔར་ལས་བདེ་འཇགས་དང་བརྟན་འཇགས། འཆམ་མཐུན་བཅས་ཡིན་པའི་སྤྱི་ཚོགས་ཁོར་ཡུག་གསར་སྐྲུན་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཞིང་ཆེན་གྱི་མགོ་ཁྲིད་པ་ཁྲིན་རོས་ཧྥིན་དང་ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན། ཀྲུའུ་ཞང་ཧྥིན། དབྱང་ཀྲི་ཝུན། ལིས་ཧུང་ཡ། ཧི་ལུའུ་ཁྲུན་བཅས་སོ་སོར་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་ཞུགས། གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད།
བཀྲ་ཤིས་འབུམ་གྱིས་བསྒྱུར།