མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་སྔ་གཞུག་ཏུ་བསྡུས།
2023.02.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མཛུབ་ཁྲིད་འོག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་ནས་འགོ་བཟང་བོ་བརྩམས་པ་དང་སྣང་བརྙན་གསར་བ་བསྐྲུན་པས། སྔར་ལས་རང་རྟོགས་སྒོས་གཏན་ཕབ་གཉིས་ཀྱི་ཡིད་རྟོན་བརྟན་པོ་དེ་སྲུང་སྐྱོང་གཉིས་ཀྱི་འགུལ་སྐྱོད་བརྟན་པོ་རུ་བསྒྱུར་ནས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་ལས་ཁུངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་བཏོན་པའི་བཀོད་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་དགོས། ཏང་ཀྲུང་དབྱང་གི་སྲིད་གཞུང་བྱ་བ་བཟང་བོར་སྒྲུབ་པའི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། སྟོབས་ཤུགས་སྔར་ལས་ཆེན་པོས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱས་ནས། ཧུར་ཐག་གིས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱུ་ནི་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་བརྩོན་མངོན་འགྱུར་བྱེད་པའི་བྲེལ་མྱུར་དགོས་མཁོ་ལ་ངོས་འཛིན་གཏིང་ཟབ་བྱེད་རྒྱུ་ནི། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཡིན་པས། རྨང་གཞིའི་ཞུབ་འཇུག་ལ་ཤུགས་སྣོན་རྒྱུ་དེ་ཚན་རྩལ་བྱ་བའི་ཉིན་རིམ་གཙོ་བོའི་ཁྲོད་འཇོག་པ་དང་། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཇེ་ཆེར་གཏོང་བ། རྨང་གཞིའི་ཞིབ་འཇུག་གི་སྔོན་སྐྱོད་རང་བཞིན་དང་འཐབ་ཇུས་རང་བཞིན། མ་ལག་རང་བཞིན་གྱི་གྲུབ་ཚུལ་ཇེ་དྲག་ཏུ་གཏོང་བ། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་སྟེགས་བུ་བཅུ་འཛུགས་སྐྲུན་བྱེད་པ། ཚན་རྩལ་སྣེ་ཁྲིད་འཇོན་མིའི་དཔུང་སྡེ་དང་སྤུས་མཐོའི་གསར་གཏོད་དཔུང་སྡེ་རྒྱ་བསྐྱེད་པ། ཕྱོགས་ཡོངས་དང་རིམ་པ་མང་བ། ཁོངས་རྒྱ་ཆེ་བའི་ཚན་རྩལ་སྒོ་འབྱེད་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྨང་གཞིའི་ཞིབ་འཇུག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཨ་ལ་ཧྲན་ཆི་གཡོན་མའི་ཀླད་བཀབ་མེད་པའི་སོལ་གཏེར་བརྡིབས་པའི་དོན་རྐྱེན་ཐད་བཀོད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་ཞིབ་འཇུག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་བྱ་བ་བཟང་བོར་སྒྲུབ་རྒྱུ་དེ་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པའི་ཆབ་སྲིད་ཀྱི་ཞིབ་དཔྱད་དུ་བརྩི་བ་དང་། ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། རིགས་མི་འདྲ་བའི་བདེ་འཇགས་ཉེན་ཁ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། འགོག་སྲུང་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། ལྟ་སྐུལ་ཁྲིམས་འཛིན་ནན་མོ་བྱེད་པ། ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་སྔར་ལས་བཟང་བོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་འཇགས་ལ་སྲུང་སྐྱོང་བྱེད་དགོས།

ཚོགས་ཐོག་ནས་མིག་སྔའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོན་པོ་དང་བྱ་བའི་བྱེད་ཐབས་བཟང་བོ། དངོས་གཉེར་ཀྱི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བཟང་བོ་བྱེད་དགོས། རྟོག་ཞིབ་ཟབ་མོ་བྱེད་པ་དང་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ། གནད་འགག་དམ་འཛིན་བྱེད་པ་དང་ལག་བསྟར་ལ་སྐུལ་འདེད་གཏོང་དགོས། རང་འགུལ་གྱིས་ཁག་ཁུར་འབད་འཐབ་བྱེད་པ་དང་། རིགས་མི་འདྲ་བའི་འབུར་ཐོན་གནད་དོན་སྣ་ཚོགས་ཐག་གཅོད་དགོས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་ལ་མཁས་པར་བྱས་ཏེ། འཐབ་རྩོད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་གི་ཁེ་ལས། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་སྔར་ལས་ཆེན་པོ་བརྩོན་ལེན་བྱས་ནས། རང་ཞིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕན་འབྲས་བརྩོན་ལེན་བྱེད་པ་དང་། དམ་འཛིན་ལྷོད་མེད་བྱེད་པའི་ཆོད་སེམས་ཇེ་བརྟན་དུ་གཏོང་བ། གཙོ་གནད་ལ་གཙིགས་འཛིན་བྱས་ཏེ། བྱ་བའི་གྲུབ་འབྲས་བརྩོན་ལེན་བྱེད་དགོས། རང་འགུལ་གྱིས་བརྗེ་རེས་བྱེད་པ་དང་། མཉམ་ལས་ལ་ཤུགས་བསྣན་ནས། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།