མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་བགྲོ་གླེང་ཚོགས་འདུ་བསྡུས།
2023.02.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཉེ་ལམ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་བགྲོ་གླེང་ཚོགས་འདུ་བསྡུས་པ་དང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

མཱ་ཅི་ཞའོ་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་ནི། མིག་སྔ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཡིན་ལ། ཡུན་རིང་གི་ལས་འགན་ཞིག་ཀྱང་ཡིན། གཞུང་ལུགས་བགྲོ་གླེང་ཚོགས་འདུ་བསྡུ་རྒྱུ་ནི་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་བརྗེ་རེས་བྱེད་པའི་ཆེད་ཡིན་ལ། དགེ་སྤེལ་སྐྱོན་སེལ་དང་མཉམ་དུ་མཐོར་འདེགས་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བཟོ་ཚོགས་ལས་ཁུངས་སུ་ལག་བསྟར་ཟབ་མོ་བྱེད་པར་སྐུལ་འདེད་བཏང་།

མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཡང་དག་དང་ཆ་ཚང་བ་བྱེད་པ་དང་། རྒྱ་ཆེའི་ལས་བཟོ་བས་བློ་བརྟན་འགྱུར་མེད་ཀྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་པར་སྣེ་ཁྲིད་བྱེད་དགོས། ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཞབས་ཞུའི་གཞི་རྩའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ངལ་རྩོལ་ཁྱབ་ཁོངས་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། བཟོ་ཚོགས་ཀྱི་བཅོས་སྒྱུར་དང་འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ། ལས་བཟོ་བར་དོན་བཟང་དང་དོན་དངོས་སྒྲུབ་པ་དང་ལས་བཟོ་བའི་དཀའ་གནད་ཐག་བཅད་དེ། རྒྱ་ཆེའི་ལས་བཟོ་བའི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་པར་ཇེ་མཐོར་གཏོང་དགོས། ནམ་ཡང་ལམ་དུ་ཡོད་པའི་རིག་པ་གསལ་བོ་དང་འཚེལ་སྙེག་ལ་བརྟེན་ནས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱས་ཏེ། ཧུར་ཐག་གིས་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་མིང་དོན་མཚུངས་པའི་ལས་བཟོ་བའི་ཁྱིམ་ཚང་དུ་འགྱུར་བར་བྱེད་པ་དང་། བཟོ་ཚོགས་ཀྱི་ལས་བྱེད་པ་ཚང་མ་ལས་བཟོ་བ་དང་མང་ཚོགས་ཀྱི་བློ་གཏད་ཆོག་པའི་མ་ཁྱིམ་དུ་འགྱུར་བར་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།