ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་སུམ་ཅུ་པའི་སྟེང་མཚན་བཀོད།
ཀྲུའུ་ཞིའི་བཀའ་ཁྱབ་ཨང་བརྒྱ་དང་སུམ་ཅུ་པའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དགུ་པས་ཉིས་སྟོང་ཉེར་གསུམ་ལོའི་ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན་ཐང་དབྱི་ཅུན་གྱི་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་གི་འགན་བླངས་ཏེ། ཧོ་རུང་(མོ)ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱེད་རྒྱུ་ཐག་བཅད་པ་ཡིན་ཞེས་བཀོད་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།