2023ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྒྲིག་ལུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་ནས་བསྡུས།
2023.02.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། ཞིང་ཆེན་ཡོངས་ཀྱི་སྒྲིག་ལུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་ཟི་ལིང་ནས་བསྡུས།

ཚོགས་ཐོག་ནས་བསྟན་དོན། འདས་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་སྒྲིག་ལུགས་གཞུང་སྒྲུབ་ཁང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱེད་པར་དམ་དུ་དམིགས་ནས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱས་པ་དང་། ཐོན་ཁུངས་བཀོལ་སྤྱོད་བྱེད་པར་གཅིག་འདོམས་བྱས་ལ། ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་ལས་ཁུངས་ཀྱི་སྒྲིག་ལུགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ཡིན་ལ། ལོ་ཧྲིལ་བོའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པའི་དོན་སྙིང་ཆེ་བ་དང་འགན་འཁྲི་ཧ་ཅང་ལྕི་བས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གཙོ་བོར་བརྩི་བ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་སེམས་ཤུགས་གཅིག་ཏུ་བསྡུས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་སུ་བསྒྱུར་དགོས། ཏང་ཀྲུང་དབྱང་གི་བཅོས་སྒྱུར་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཏང་སྲིད་ལས་ཁུངས་ཀྱི་འགན་ནུས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་སྐོར་ཐེངས་གསར་བའི་ཏང་སྲིད་ལས་ཁུངས་ཀྱི་བཅོས་སྒྱུར་སྤེལ་རྒྱུ་དམ་འཛིན་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་དུ་དམིགས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས། ལྗང་མདོག་ཐཱན་དམའ་འཁོར་རྒྱུག་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ཀྱིས་ལས་ཁུངས་ཀྱི་སྒྲིག་ལུགས་འགན་སྲུང་ལ་ཤུགས་སྣོན་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཚིས་ཁྱབ་ཁོངས་ཀྱི་སྒྲིག་གཞི་རྐྱེན་སྲོལ་ཐད་ཀྱི་གནད་དོན་ཐག་བཅད་དེ། སྤྱི་ཐུན་ཞབས་ཞུའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་གཏོང་དགོས། ལས་ཁུངས་ཀྱི་སྒྲིག་ལུགས་ཐད་ཀྱི་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་། ལས་ཁུངས་ཀྱི་སྒྲིག་ལུགས་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ལས་ཁུངས་ཀྱི་སྒྲིག་ལུགས་ལྟ་སྐུལ་ཞིབ་བཤེར་དང་ཁྲིམས་འགལ་སྒྲིག་འགལ་སྔོན་འགོག་སློབ་གསོ། གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཇེ་ཆེར་གཏོང་བ། མུ་མཐུད་དུ་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་ནས་བཅོས་སྒྱུར་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལས་ཁུངས་ཀྱི་སྒྲིག་ལུགས་མ་ལག་སྔར་ལས་སྟོབས་ལྡན་དུ་བསྒྱུར་བ། གསར་སྤེལ་མདུན་སྐྱོད་དང་བདེན་འཛིན་གསར་གཏོད་བྱས་ཏེ། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་ལས་ཁུངས་ཀྱི་སྒྲིག་ལུགས་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས།

རིན་ཆེན་མཚོས་བསྒྱུར།