ལིས་ཁི་ཆང་གིས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་ཡི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས།
2023.02.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་ཡི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་རྒྱུན་མཐུད་བྱེད་ཐབས་དོན་འཁྱོལ་གཏིང་ཟབ་བྱེད་པ། ལས་ཞུགས་བརྟན་པོའི་ངང་འཕར་རྒྱུ་དང་དངོས་གོང་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་པ། མིག་སྔའི་དཔལ་འབྱོར་འཕར་ཚད་བརྟན་པོའི་ངང་འཕེལ་བའི་རྣམ་པ་སྲ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་འདུར་ཞུགས།

ལིས་ཁི་ཆང་གིས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་དོན་གཙོ་བོའི་སྙན་ཞུར་ཉན་རྗེས་བཤད་རྒྱུར།  བཅོས་སྒྱུར་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་འཕེལ་རྒྱས་དང་བཅོས་སྒྱུར་གྱི་འགན་འཁྲི་འཁུར་ཡོད། འཕེལ་རྒྱས་གཏོང་རྒྱུ་ནི་ལས་འགན་གཙོ་བོ་དང་བཅོས་སྒྱུར་ནི་རྩ་བའི་སྒུལ་ཤུགས་ཡིན་པས། འཕེལ་རྒྱས་ཀྱི་ལག་ལེན་པ་དང་བཅོས་སྒྱུར་གྱི་མཁྲེགས་གཏོར་མཁན་མུ་མཐུད་དུ་བྱེད་དགོས། ན་ནིང་རིམས་ནད་བྱུང་བ་སོགས་སྔོན་དཔག་ལས་འདས་པའི་རྒྱུ་རྐྱེན་གྱི་བརྡབ་གསིག་ལ་ཁ་གཏད་འཇལ་ཆེད། ང་ཚོས་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་རྒྱུན་མཐུད་བྱེད་ཐབས་རབ་དང་རིམ་པ་བློ་ཐག་རྦད་ཆོད་སྒོས་བཏོན་པ་དང་། འཕེལ་རྒྱས་དང་བཅོས་སྒྱུར་མ་ལག་གིས་ཐབས་ཇུས་འབད་པས་བཏོན་པ་དང་དོན་འཁྱོལ་དམ་འཛིན་བྱས་པའི་དབང་གིས། དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་ནུས་གལ་ཆེན་བཏོན། ཀུན་གྱི་སྣེ་ཁྲིད་དེ་མཐུན་སྦྱོར་གྱི་ལམ་སྲོལ་བཙུགས་པ་དང་གནད་འགག་གི་ནུས་པ་བཏོན་པ། ལས་གཞི་གལ་ཆེན་འཛུགས་སྐྲུན་བྱས་པ། སྒྲིག་ཆས་གསར་སྒྱུར་དང་བསྒྱུར་བཀོད་ལ་སྐུལ་འདེད་བཏང་བ་བཅས་བྱས་མཐར། གཞི་ནས་ཕྱོགས་མང་པོའི་ཐད་ནས་ཕན་འབྲས་ཐོབ་ཡོད་ཅེས་བསྟན།

ལིས་ཁི་ཆང་གིས་ནོར་སྲིད་པུའུ་རུ་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་བྱས་པ་སོགས་ཀྱི་སྙན་ཞུར་ཉན་རྗེས་བཤད་རྒྱུར། ནོར་སྲིད་ནི་མི་སེར་གྱི་སྲིད་ཇུས་ལག་བསྟར་བྱེད་པའི་རྩ་བ་ཡིན་ཞིང་། ཁྱོད་ཚོ་ནི་མི་དམངས་ཀྱི་ཆེད་དུ་རྒྱལ་ཁབ་ཀྱི“དངུལ་ཁུག”སྲུང་མཁན་ཡིན་པས། ཁྱོད་ཚོས་མུ་མཐུད་དུ་ནོར་སྲིད་ཀྱི་རྩིས་ཐོའི་ཞིབ་རྩིས་ཡག་པོ་རྒྱག་དགོས། ན་ནིང་ང་ཚོས་གཞི་ཁྱོན་ཆེ་བའི་ཁྲལ་སློག་དང་ཁྲལ་གཅོག དངུལ་གཅོག་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས། ཁེ་ལས་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་བཅས་ལ་རོགས་སྐྱོར་བྱས་ཏེ། ཁོ་ཚོའི་དཀའ་ཁག་སེལ་ནས་ལས་ཞུགས་བརྟན་པོ་དང་དམངས་ཚིས་ལ་འགན་ལེན་ནུས་ལྡན་བྱས། ནོར་སྲིད་ཁོངས་གཏོགས་ཀྱིས་དོན་འཁྱོལ་དམ་འཛིན་བྱས་ནས་དམིགས་བསལ་གྱི་ནུས་པ་བཏོན། སྲིད་གཞུང་གིས་འཚོ་བ་ངན་ངོན་རོལ་རྒྱུའི་བླང་བྱ་དོན་འཁྱོལ་བྱས་ནས། གཞི་རྩའི་དམངས་ཚིས་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅེས་བསྟན།

བཞུགས་མོལ་ཚོགས་འདུའི་སྟེང་དུ་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ་ཡིས་སྙན་ཞུ་ཕུལ།  ལིས་ཁི་ཆང་གིས་བཤད་རྒྱུར། ཉེ་བའི་ལོ་འདི་དག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཡོངས་གོང་འོག་བར་གསུམ་ཚང་མས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། རང་རྒྱལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་སེལ་ཆེད། ང་ཚོས་སྤྱི་ཁོག་སྙོམ་སྒྲིག་གསར་གཏོད་བྱེད་དགོས་ཤིང་། གཙོ་བོ་མ་དངུལ་བཏང་སྟེ་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་ཐབས་མི་སྤྱོད་པར། ཚོང་ར་གཙོ་བོའི་དགོས་མཁོར་དམིགས་ཏེ། དཔྱ་ཁྲལ་དང་གྲོན་དངུལ་བསྟུད་མར་ཇེ་ཉུང་དུ་གཏོང་བ་དང་། དྲང་གཞག་དང་རིས་མེད་ཀྱི་སྒོ་ནས་ཁོ་ཚོའི་དཀའ་སེལ་སེལ་རོགས་བྱེད་པ་དང་དང་འཕེལ་རྒྱས་ལ་ཐད་ཀར་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན།

ཧི་ལིས་ཧྥུན་ཐེངས་འདིའི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།