རྒྱལ་ཁབ་མང་པོའི་མི་སྣས་ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི། 《ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》ཞེས་པའི་ཡིག་ཆར་གདེང་འཇོག་གང་ལེགས་བྱས་།
ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན། ཧ་སག་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། ཧ་སག་སི་ཐན་གྱིས་ཀྲུང་གོའི་ལངས་ཕྱོགས་ཀྱི་ཡིག་ཆར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད། ཧ་སག་སི་ཐན་གྱིས་ཀྲུང་གོའི་ལངས་ཕྱོགས་ཀྱི་ཡིག་ཆ་དེ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་གཞི་རྩའི་རྩ་དོན་གཞིར་བཟུང་ནས། གདོང་ཐུག་མཚམས་འཇོག་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་བྱས།
ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན། པོ་ལི་ཝེ་ཡའི་ཙུང་ཐུང་ཟུར་པ་མོ་ལ་ལའེ་ཟི་ཡིས། ཨ་མེ་རི་ཁ་གཙོས་བྱང་ཆིངས་རྩ་འཛུགས་ཀྱིས་བཙན་ཤེད་ལ་བརྟེན་ནས་དེང་གི་འཛམ་གླིང་འདི་ཉིད་མཐའ་གཉིས་སུ་གྱེས་པར་བྱེད་པ་དང་འཇམ་འཐབ་ཀྱི་རྣམ་པར་བསྒྱུར་རྩིས་ཡོད་ལ། ཁོ་རང་ངོས་ནས་ཀྲུང་གོས་བཏོན་པའི་ཞི་བའི་གྲོས་མོལ་དང་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུའི་གྲོས་འགོ་བཏོན་པར་དགའ་བསུ་ཞུས་པ་ཡིན་ཟེར།
ཕ་ཁི་སི་ཐན་གྱི་རྒྱལ་སྤྱིའི་ལས་དོན་དབྱེ་ཞིབ་མི་སྣ་དབྱི་མུའུ་ལན·ཧ་ལིས་ཏི་ཡིས་རྩོམ་ཡིག་སྤེལ་ནས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་འབོད་སྐུལ་བྱེད་ཀྱིན་ཡོད་ཅིང་། ལངས་ཕྱོགས་དེ་ནི་ཉམས་ཉེན་དེ་ཐག་གཅོད་བྱེད་པའི་གདམ་ག་ཉག་གཅིག་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།