ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་ཡོངས་ཀྱི་བཙོན་ཁང་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས། གྲོས་ཚོགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཤིང་། ཉིས་སྟོང་ཉེར་གཉིས་ལོའི་བྱ་བར་གསེད་བཀྲོལ་དང་སྤྱི་བསྡོམས་བྱས་པ་དང་། དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད་ཉིས་སྟོང་ཉེར་གསུམ་ལོའི་ལས་འགན་བཀོད་སྒྲིག་བྱས།
གྲོས་ཚོགས་ནས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོར་ཞིང་ཆེན་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་པར་བསུ་མ་བྱས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་གཙོ་སྙིང་དུ་བཟུང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབད་འཐབ་དམིགས་འབེན་གཅིག་སྡུད་བྱས་ཤིང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་། དུས་དང་རྣམ་པ་ཀུན་ཏུ་དུས་རྒྱུན་ལས་མཐོ་བ་དང་ས་གནས་ལས་གཟབ་ནན་ཡིན་པའི་ཚད་གཞིའི་རེ་བ་རྒྱུན་འཁྱོངས་བྱས་ལ། དམག་དཔུང་གི་སྤྱོད་ཚུལ་བཟང་བོ་དར་སྤེལ་བྱས་པ་དང་། ནང་ཁུལ་གྱི་བདེ་འཇགས་དོ་དམ་ནུས་པ་ཇེ་ཆེར་བཏང་བར་མ་ཟད། སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་ཅིང་མཁྲེགས་གཏོར་དཀའ་ཁག་ཁྱད་སེལ་བྱས་ནས། བཙོན་ཁང་ཁོངས་གཏོགས་ཀྱི་ལྟ་སྐུལ་དོ་དམ་བདེ་འཇགས་དང་ཐོན་སྐྱེད་བདེ་འཇགས། འཚོ་བའི་འཕྲོན་བསྟེན་བདེ་འཇགས་བཅས་ནུས་ལྡན་སྒོས་འགན་སྲུང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ཐད་ལ་ནུས་པ་གལ་ཆེན་བཏོན།
གྲོས་ཚོགས་ནས་བསྟན་དོན། སྐྱོད་ལམ་གསར་བའི་སྟེང་དུ་ཞིང་ཆེན་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོབ་གཉིས་ལེགས་པོར་སྒྲུབ་དགོས་ལ། དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ལ་བློ་དཀར་བའི་སྲུང་དམག་བཟང་བོ་ཞིག་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་ཉེན་ཁ་འགོག་པ་དང་བདེ་འཇགས་ཁག་ཐེག་བྱེད་པ། ཚད་ལྡན་དམ་འཛིན་བྱེད་པ། སྒྱུར་བཀོད་ལེགས་པོར་སྒྲུབ་པར་སྐུལ་འདེད་བཏང་སྟེ། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དང་བཙོན་ཁང་བརྟན་འཇགས་འགན་སྲུང་། འདྲ་མཉམ་དྲང་གཞག་སྲུང་སྐྱོབ། ཁྲིམས་བཀོད་འགན་ནུས་ལག་བསྟར། ཕྱོགས་བསྡུས་ནུས་པ་ཇེ་ཆེར་གཏོང་བའི་ཐད་ནས་མཐོར་འདེགས་གསར་བ་བྱུང་བ་མངོན་འགྱུར་བྱེད་དགོས་པ་དང་། ཆད་གཅོད་དང་སྒྱུར་བཀོད་ཉེས་ཅན་གྱི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ། ཉེས་ཅན་གྱིས་སྒྱུར་བཀོད་བྱེད་པའི་ཆབ་སྲིད་རང་བཞིན་དང་ཚན་རིག་རང་བཞིན། ཚད་ལྡན་རང་བཞིན། རྩལ་ནུས་རང་བཞིན་སྔར་ལས་མཐོར་འདེགས་སུ་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་བཙོན་ཁང་དང་ཁྲིམས་སྐྱོང་བཙོན་ཁང་འཛུགས་སྐྲུན་བྱེད་པར་མ་ཟད་དུས་རབས་གསར་བའི་མཚོ་སྔོན་བཙོན་ཁང་བྱ་བའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་འབད་བརྩོན་ལྷོད་མེད་བྱེད་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།