ཞི་ཅིན་ཕིང་གིས་ཧི་ལི་སི་ཐའོ་ཙུའུ་ལི་ཅི་སི་ལ་གློག་འཕྲིན་བཏང་སྟེ་ཁོ་སེ་ཕུའུ་ལུའུ་སིའི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས།
2023.03.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 91

ཟླ་གསུམ་པའི་ཚེས་གཅིག་ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉི་ཁུ་སི་ཧི་ལི་སི་ཐའོ་ཙུའུ་ལི་ཅི་སི་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། ཁོ་སེ་ཕུའུ་ལུའུ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་དུ་བདམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན།  མིག་སྔར།  ཀྲུང་གོ་དང་སེ་ཕུའུ་ལུའུ་སིའི་འཐབ་ཇུས་གྲོགས་པོའི་འབྲེལ་བས་ཆུ་ཚད་མཐོ་བའི་འཕེལ་རྒྱས་སྲུང་འཛིན་བྱས་ཡོད་པ་དང་།    རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེར་ལོ་རྒྱུས་ཡུན་རིང་ལྡན་ལ།   ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་ཏེ་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།   ངས་ཀྲུང་གོ་དང་སེ་ཕུའུ་ལུའུ་སིའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་།  ཙུང་ཐུང་ཧི་ལི་སི་ཐའོ་ཙུའུ་ལི་ཅི་སི་དང་མཉམ་དུ་འབད་པ་བྱས་ཏེ།   ཀྲུང་གོ་དང་སེ་ཕུའུ་ལུའུ་སིའི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་བ་དང་།  རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

                                                                                                        ལྷ་མོ་ཚེ་རིང་གིས་བསྒྱུར།