ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་འཕྲིན་བཅར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལིན་ཧུའུ་ཡིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལེ་ཧན་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཞིང་ཆེན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ནས་རྒྱལ་ཡོངས་འཕྲིན་བཅར་ཅུའུ་ཀྲང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་། འཕྲིན་བཅར་གནད་དོན་གྱི་རྩིས་ཐོ་དང་རྩིས་ཁྲའི་བསམ་འཆར་བསྡུ་ལེན་མ་ཡིག་འགྲེམ་སྤེལ་བྱས། མཚོ་ཤར་གྲོང་ཁྱེར་དང་མཚོ་ནུབ་ཁུལ། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་སློབ་གསོ་ཐིན་གྱིས་བརྗེ་རེས་གཏམ་བཤད་སྤེལ།
གྲོས་ཚོགས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་འཕྲིན་བཅར་བྱ་བར་བཏོན་པའི་བཀོད་སྒྲིག་གསར་བ་དང་རེ་བ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་གིས་འཕྲིན་བཅར་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཀྱིས་འཕྲིན་བཅར་བྱ་བར་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། དམངས་ཀྱི་དོན་དུ་དཀའ་ཁག་སེལ་བ་དང་ཏང་གི་ཆེད་དུ་དཀའ་གནད་སེལ་རོགས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་ཁྲིམས་སྐྱོང་བསམ་ཕྱོགས་ཀྱིས་འཕྲིན་བཅར་བྱ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། འཕྲིན་བཅར་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ནན་མོ་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་འཕྲིན་བཅར་བྱ་བར་ཇུས་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ནས། འཕྲིན་བཅར་བྱ་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ལམ་ཕྱོགས་ཀྱིས་འཕྲིན་བཅར་བྱ་བའི་གོ་གནས་གཏན་འཁེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། བརྩེ་སེམས་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ་འཕྲིན་བཅར་བྱ་བ་བཟང་བོར་སྒྲུབ་དགོས། དུས་དང་རྣམ་པ་ཀུན་ཏུ་ཁོངས་གཏོགས་འདུ་ཤེས་ཀྱིས་འཕྲིན་བཅར་བྱ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས། དུས་དང་རྣམ་པ་ཀུན་ཏུ་ལག་ལེན་གྱི་རེ་བར་བརྟེན་ནས་འཕྲིན་བཅར་བྱ་བ་བཅོས་སྒྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕྲིན་བཅར་ལམ་ལུགས་ཀྱི་ཁྱད་སྟོབས་དེ་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས། དུས་དང་རྣམ་པ་ཀུན་ཏུ་དཔུང་སྡེ་འཛུགས་སྐྲུན་གྱིས་འཕྲིན་བཅར་བྱ་བར་འགན་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་ནས། དུས་རབས་གསར་བའི་འཕྲིན་བཅར་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
བཀྲ་ཤིས་འབུམ་གྱིས་བསྒྱུར།