བདེན་འཚོལ་དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ་དུས་རབས་གསར་བའི་ཏང་དང་མི་དམངས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཞེས་པ་བཀོད།
2023.03.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་གསུམ་པའི་ཚེས་གཅིག་ཉིན་གྱི་བདེན་འཚོལ་དུས་དེབ་འདོན་ཐེངས་ལྔ་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ་དུས་རབས་གསར་བའི་ཏང་དང་མི་དམངས་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཞེས་པ་བཀོད།

རྩོམ་ཡིག་ལས་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཞིག་ཡིན་པས། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོབ་བྱས་ན་ང་ཚོས་ཏང་ཡོངས་དང་རྒྱལ་ཡོངས་ལ་མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་གཅིག་བསྡུས་སྟོབས་ཤུགས་དང་འཕེལ་རྒྱས་ལ་ཁག་ཐེག་བྱེད་ཐུབ།  དག་སྲུང་གསར་གཏོད་དང་དུས་ཚོད་དང་ཚད་བཀག་ལས་བརྒལ་བའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཆར་རླུང་གི་ངར་ཁ་རྒོད་དུས་མི་དམངས་ཡོངས་ཀྱིས་ཡིད་རྟོན་རུང་བའི་སྲ་མཁྲེགས་ཀྱི་རུས་པ་གྲུབ་པར་བྱེད་ཐུབ། 

རྩོམ་ཡིག་ལས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཡིན། ནམ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་བསྐྱོད་ན་ང་ཚོས་གཞི་ནས་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་སྙེག་མངོན་འགྱུར་བྱེད་ཐུབ་ལ། མི་དམངས་ཡོངས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་ཐུབ།

རྩོམ་ཡིག་ལས་བསྟན་དོན། མཐུན་སྒྲིལ་འབད་འཐབ་བྱེད་པ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་བསྐྲུན་པར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཡིན། ཏང་གི་འགོ་ཁྲིད་འོག་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་སེམས་གཅིག་དང་བློ་སེམས་རྩེ་གཅིག འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་ན་ང་ཚོས་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དཀའ་བ་ཡོད་ཚད་ཁྱད་དུ་གསོད་ཐུབ་ཅིང་ཀུན་གྱིས་ཡིད་སྨོན་བྱེད་པའི་རྨད་བྱུང་གི་བྱས་རྗེས་བསྐྲུན་ཐུབ།

རྩོམ་ཡིག་ལས་བསྟན་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་ནི་དུས་རབས་གསར་བར་རང་རྒྱལ་འཕེལ་རྒྱས་དང་སྟོབས་ལྡན་དུ་འགྱུར་བར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཡིན། ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་དུ་གྲུབ་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་རང་སྤེལ་རང་བརྩོན་མངོན་འགྱུར་བྱས་ན་ང་ཚོས་རང་རྒྱལ་གྱི་འགྲན་རྩོད་ནུས་པ་དང་རྒྱུན་མཐུད་ནུས་པ་མུ་མཐུད་མཐོར་འདེགས་སུ་གཏོང་ཐུབ་ལ། ཉིན་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་རང་འགུལ་བརྩོན་ལེན་དང་མ་འོངས་རྒྱལ་ཁ་བསུ་ཐུབ།

རྩོམ་ཡིག་ལས་བསྟན་དོན།   ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནི་ཏང་གི་གསོན་ཤུགས་རྒྱུན་འཁྱོངས་དང་རྒྱུགས་ལེན་གྱི་ལམ་གསར་བར་བསྐྱོད་པར་ངེས་པར་བརྒྱུད་དགོས་པའི་བགྲོད་ལམ་ཡིན། ཀྲུང་གོའི་དོན་དག་བཟང་བོར་བསྒྲུབ་དགོས་ན་གནད་འགག་ཏང་དང་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་རག་ལས་ཡོད། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཐོག་མའི་བསམ་འདུན་མི་བརྗེད་པ། དཔའ་ངར་ཆེན་པོས་རང་ཉིད་གསར་བརྗེ་བྱེད་པ། ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་སེལ་བ་དང་ཏང་གི་བདེ་ཐང་ལ་གནོད་པའི་ནད་དུག་ཡོད་ཚད་སེལ་ན་ང་ཚོས་ཏང་གི་ངོ་བོ་མི་འགྱུར་བ་དང་རང་མདངས་མི་འགྱུར་བ།བྲོ་བ་མི་འགྱུར་བར་ཁག་ཐེག་བྱེད་ཐུབ།

མི་ཕམ་མགོན་པོས་བསྒྱུར།