ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཉིས་སྟོང་ཉེར་གསུམ་ལོའི་དཔྱིད་དུས་སློབ་སྐབས་འགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།
2023.03.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཟླ་གསུམ་པའི་ཚེས་གཅིག་ཉིན་སློབ་གྲྭ་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཉིས་སྟོང་ཉེར་གསུམ་ལོའི་དཔྱིད་དུས་སློབ་སྐབས་འགོ་རྩོམ་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་གི་སློབ་གྲྭའི་གཏན་དུ་འགྱུར་བ་མེད་པའི་ཐོག་མའི་བསམ་འདུན་ནི་ཏང་གི་ཆེད་དུ་འཇོན་མི་སྐྱེད་སྲིང་བྱེད་རྒྱུ་དང་ཏང་གི་ཆེད་དུ་ཇུས་འབུལ་བྱེད་རྒྱུ་དེ་ཡིན། རིམ་པ་སོ་སོའི་ཏང་གི་སློབ་གྲྭས་ཐོག་མའི་བསམ་འདུན་འདི་བརྟན་སྲུང་བྱས་ཏེ། ཡར་བརྩོན་ལྷོད་མེད་དང་འབད་པ་ལྷུར་ལེན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཟླ3པའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་སློབ་གྲྭས་ཟླ་གསུམ་པའི་ཚེས་གཅིག་ཉིན་སློབ་གྲྭ་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཉིས་སྟོང་ཉེར་གསུམ་ལོའི་དཔྱིད་དུས་སློབ་སྐབས་འགོ་རྩོམ་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཚེའེ་ཆི་དང་ཏེན་ཞུའེ་ཞང་ཚོགས་འདུར་ཞུགས།

སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། ཚོགས་འདུ་དངོས་སུ་འགོ་བརྩམས་པ་དང་། ཚང་མ་ཡར་ལངས་ཏེ་རྒྱལ་གླུ་བླངས།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་ནི་ཏང་གི་སློབ་གྲྭའི་ལས་དོན་ཐད་ངེས་པར་དུ་དུས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་པའི་ཆབ་སྲིད་ཀྱི་ལངས་གནས་ཡིན་ལ། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པར་དགོས་ངེས་ཀྱི་བླང་བྱ་ཡིན་པས། ངེས་པར་དུ་ཏང་གི་དར་ཆ་དར་ཆ་རུ་བྱེད་པ་དང་། ཏང་གི་འདོད་བློ་འདོད་བློ་རུ་འཛིན་པ། ཏང་གི་འགན་འཁྲི་འགན་འཁྲི་རུ་བརྩི་བ་བཅས་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ཀྱིས་ཏང་གི་རླབས་ཆེན་ལས་དོན་གསར་པ་དང་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པའི་ཁྲོད་དུ་གནས་ཐིག་གནད་དུ་ཁེལ་བར་གཏན་འབེབས་བྱེད་དགོས་པ་དང་། རང་རྟོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། ངེས་པར་དུ་ཡང་དག་པའི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་སློབ་གྲྭའི་རུས་ཏང་ཡིན་པ་དུས་གཏན་དུ་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ཀྱིས་ཏང་གི་ཆབ་སྲིད་ལམ་ཕྱོགས་བརྩི་སྲུང་དང་དེར་ཞབས་འདེགས་ཞུ་བ་དང་། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ། ཏང་མིས་ཏང་ལ་དགའ་ཞེན་བྱེད་པ་དང་ཏང་མིས་ཏང་གི་སྐད་ཆ་བཤད་པ། ཏང་མིས་ཏང་ལ་སེམས་ཁྲལ་བྱེད་པ། ཏང་མིས་ཏང་གི་བྱ་གཞག་སྒྲུབ་པ་བཅས་རྒྱུན་འཁྱོངས་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་སྒྲུབ་པ་བཅས་བྱས་ཏེ། བསམ་བློའི་སྟེང་དང་ཆབ་སྲིད་སྟེང་། བྱ་སྤྱོད་སྟེང་དུ་རང་རྟོགས་ཀྱིས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་དགོས། ངེས་པར་དུ་ཏང་གི་སློབ་གྲྭའི་བྱ་བ་དང་ཏང་གི་ལས་འགན་གཙོ་བོའི་བར་གྱི་སྦྲེལ་གནས་དང་འཇུག་གནས། ཤུགས་འདོན་གནས་བཅས་ཡང་དག་པར་བཙལ་ནས།  ཏང་གི་དགོས་མཁོར་དམ་དུ་དམིགས་པ་དང་རང་ངོས་ཀྱི་ཁྱད་སྟོབས་བཏོན་ཏེ། ཏང་གི་ལས་བྱེད་པ་ཅི་འདྲ་དགོས་ན་ཏང་གི་སློབ་གྲྭས་ལས་བྱེད་པ་དེ་འདྲ་གསོ་སྐྱོང་བྱེད་དགོས་ལ། ཏང་གིས་གནད་དོན་གལ་ཆེན་ཅི་ཞིག་ལ་ཞིབ་འཇུག་དང་དེ་ཐག་གཅོད་བྱེད་དགོས་ན། ཏང་གི་སློབ་གྲྭས་ཧུར་ཐག་གིས་དེའི་ཐད་དུ་བློ་འདོན་ཇུས་འབུལ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཆེད་དུ་འཇོན་མི་སྐྱེད་སྲིང་བྱེད་པ་ནི་ཏང་གི་སློབ་གྲྭའི་ཐུན་མིན་མ་ཡིན་པའི་རིན་ཐང་ཡིན། ཏང་གི་སློབ་གྲྭ་ནི་ལས་བྱེད་པར་སློབ་གསོ་གཏོང་བ་དང་གསོ་སྦྱོང་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པས། ངེས་པར་དུ་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྗིད་མོ་ཕྲག་ཏུ་ལེན་ཐུབ་པའི་སྲིད་སྐྱོང་རྐང་འཛིན་དཔུང་སྡེ་སྐྱེད་སྲིང་བྱེད་པར་ཧུར་ཐག་འབད་ཐག་བྱེད་པ་དང་། དུས་རབས་གསར་པའི་གཞུང་ཁྲིད་སློབ་ཁྲིད་དོགས་སེལ་གྱི་བྱ་བ་བཟང་བོར་སྒྲུབ་སྟེ། མར་ཁེ་སི་རིང་ལུགས་ཀྱི་བདེན་ལུགས་ཀྱི་གཞུང་ལེགས་པར་ཁྲིད་པ་དང་། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་བཅས་ལ་སྐུལ་འདེད་གཏོང་བའི་ཤེས་བྱ་ལེགས་པར་ཁྲིད་པ། རང་སྣང་འཇིག་རྟེན་དང་ཕྱི་ཡུལ་འཇིག་རྟེན་གྱི་དོགས་གནད་ལེགས་པར་སེལ་བ་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། གཞུང་ལུགས་བློ་སྦྱོང་ནི་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་ཀྱི་སྲོག་ཤིང་ཡིན་ལ། གཞུང་ལུགས་སྟེང་གི་ཚགས་ཆུད་ནི་ཆབ་སྲིད་སྟེང་གི་ཚགས་ཆུད་ཀྱི་རྨང་གཞི་ཡིན་ཞིང་། ཆབ་སྲིད་སྟེང་གི་གཏན་ཚུགས་ནི་གཞུང་ལུགས་སྟེང་གི་དྲན་རིག་ལས་བྱུང་བ་ཡིན། འགོ་ཁྲིད་ལས་བྱེད་པར་མཚོན་ནས་བཤད་ན། མར་ཁེ་སི་རིང་ལུགས་ཀྱི་རྩལ་ནུས་འདི་ལ་ཇི་ལྟར་བྱང་ན། ཆབ་སྲིད་ལངས་གནས་དེ་ལྟར་མཐོ་ཞིང་། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་དེ་ལྟར་ཇེ་ཆེར་འགྲོ་ལ། དུས་བབ་ལ་བརྟག་ཞིབ་བྱེད་པ་དང་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ། ཉེན་ཁ་འགོག་སེལ་བྱེད་པ་བཅས་ཀྱི་ཐད་དེ་ལྟར་རང་འགུལ་ཆེ་བས། ཏང་གི་སློབ་གྲྭས་མར་ཁེ་སི་རིང་ལུགས་གཞུང་ལུགས་ཀྱི་སློབ་གསོ་གསོ་སྦྱོང་ལ་སྔར་ལས་ཤུགས་བསྣན་ཏེ། གཙོ་བོ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་ཆེས་གསར་པ་བཀོལ་ནས་བསམ་བློ་གཅིག་གྱུར་དང་འདུ་ཤེས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་རྒྱུ་དམ་དུ་བཟུང་སྟེ། རྒྱུན་འཁྱོངས་ལྷོད་མེད་སྒོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་སློབ་གྲྭ་ནི་འགོ་ཁྲིད་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་བྱེད་ཡུལ་ཡིན་པས། རིམ་པ་སོ་སོའི་ཏང་གི་སློབ་གྲྭས་ཏང་གཤིས་སློབ་གསོ་འདི་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་བྱས་ཏེ། ཕུགས་བསམ་དད་མོས་དང་ཏང་གི་དམིགས་གཞི། ལོ་རྒྱུས་བཞི། གསར་བརྗེའི་སྲོལ་རྒྱུན། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་། ཏང་སྲོལ་སྲིད་གཙང་སོགས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་ལམ་བཅས་ཏང་གཤིས་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ནས། འགོ་ཁྲིད་ལས་བྱེད་པས་བསམ་བློའི་གོ་རྟོགས་དང་སེམས་ཀྱི་རྟོགས་པ། ཀུན་སྤྱོད་བློ་སྦྱོང་བཅས་རྒྱུན་མ་ཆད་པར་མཐོར་འདེགས་སུ་གཏོང་བར་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས་པ་དང་། ཡང་དག་པའི་དབང་ཆའི་ལྟ་བ་དང་སྲིད་འབྲས་ལྟ་བ། ལས་དོན་ལྟ་བ་བཅས་བཙུགས་ཏེ། གུང་ཁྲན་ཏང་མིའི་ཆབ་སྲིད་རང་མདངས་སྲུང་འཛིན་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་དང་མི་དམངས་ཀྱིས་བསྩལ་བའི་དུས་རབས་གསར་པའི་འགན་ནུས་འགན་འཁྲི་ལག་བསྟར་བཟང་བོ་བྱེད་ན། འགོ་ཁྲིད་ལས་བྱེད་པར་ངེས་པར་དུ་ཕྱོགས་སོ་སོའི་ནུས་པ་ཕྱོགས་ཡོངས་ནས་ཇེ་ཆེར་བཏང་སྟེ། རང་འཁྲིའི་བྱ་བར་བྱང་ཆུད་མཁན་ཞིག་ཏུ་འགྱུར་བར་འབད་དགོས། རིམ་པ་སོ་སོའི་ཏང་གི་སློབ་གྲྭས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལ་དམ་དུ་དམིགས་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་གལ་ཆེན་ལ་དམ་དུ་སྦྲེལ་ནས། དངོས་ཕན་གོ་ཆོད་ཀྱི་ཆེད་ལས་ཅན་གྱི་ནུས་པའི་གསོ་སྦྱོང་རྩ་འཛུགས་བྱས་ཏེ། གཙོ་བོ་འགོ་ཁྲིད་ལས་བྱེད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ། ཉེན་ཁ་འགོག་སེལ་བྱེད་པའི་ནུས་པ་བཅས་མཐོར་འདེགས་སུ་གཏོང་བ་དང་མཉམ་དུ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་ནུས་པ་རྒྱུད་ལ་གོམས་པར་ཤུགས་སྣོན་པ་དང་། ཉེན་ཁ་འགོག་པ་དང་དཀའ་གནད་སེལ་བ། འགྲན་སློང་བསུ་བ། གནོན་ཤུགས་ཐེག་པ་བཅས་ཀྱི་ནུས་པ་ཧུར་ཐག་གིས་ཇེ་ཆེར་གཏོང་བ། ཆེད་ལས་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་སུ་གཏོང་བ་བཅས་བྱས་ཏེ། འགོ་ཁྲིད་ཀྱི་བྱ་བ་སྔར་ལས་བཟང་བོར་ཁུར་དུ་ལེན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་སློབ་གྲྭ་ནི་ཏང་གི་བསམ་བློ་གཞུང་ལུགས་འཐབ་ཕྱོགས་ཀྱི་སྟོབས་ཤུགས་གལ་ཆེན་ཡིན་ལ། ཏང་གི་ཆེད་དུ་ཐབས་ཇུས་འདོན་པའི་འགན་འཁྲི་གལ་ཆེན་ཁུར་ཡོད་པས། གཞུང་ལུགས་ཞིབ་འཇུག་དང་ཐབས་ཇུས་ཞིབ་འཇུག་ཅེས་པའི་ཆོས་ཉིད་འཚོལ་ཞིབ་དང་དངོས་ཕན་གོ་ཆོད་ཀྱི་བསླབ་གཞི་འདི་བཟང་བོར་སྒྲུབ་སྟེ། ཏང་གི་གསར་གཏོད་གཞུང་ལུགས་ཞིབ་འཇུག་འགྲེལ་བཤད་དང་། ཏང་གི་གཞུང་ལུགས་གསར་གཏོད། ཏང་དང་སྲིད་གཞུང་ལ་བློ་འདོན་ཇུས་འབུལ་བྱེད་པ་སོགས་ཐད་དུ་སྤུས་ཚད་མཐོ་བའི་གྲུབ་འབྲས་ལེན་དགོས། འདི་ཡང་ཏང་གི་སློབ་གྲྭའི་ཐུན་མིན་གྱི་རིན་ཐང་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་སློབ་གྲྭ་ནི་ཏང་གི་འདུ་ཤེས་འཛིན་སྟངས་བྱ་བའི་གཡུལ་ས་གལ་ཆེན་ཡིན་པས། ངེས་པར་དུ་ཏང་ལ་བློ་དཀར་བ་དང་མར་ཁེ་སི་རིང་ལུགས་ལ་བློ་དཀར་བའི་ལག་ཏུ་འཛིན་དགོས། ཏང་གི་སློབ་གྲྭས་ཏང་གི་འདོད་བློ་དྲིལ་སྒྲོག་བྱེད་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་འཁྱོག་ལུགས་ལོག་བཤད་ལ་དགག་པ་བརྒྱབ་སྟེ། ཏང་གི་གསར་གཏོད་གཞུང་ལུགས་ཧུར་ཐག་གིས་སྒྲོག་འགྲེལ་བྱེད་མཁན་དང་། མར་ཁེ་སི་རིང་ལུགས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་སྟོན་གོ་གནས་ལ་བློ་བརྟན་འགྱུར་གྱིས་སྲུང་སྐྱོང་བྱེད་མཁན། ཏང་གི་འདུ་ཤེས་འཛིན་སྟངས་བཀོལ་ནས་སྤྱི་ཚོགས་ཀྱི་བསམ་བློའི་རླབས་རྒྱུན་ལ་ཁྲིད་སྟོན་བྱེད་པའི་བློ་གཏད་ཆོག་པའི་སྣེ་ཁྲིད་པ་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་ན། ངེས་པར་དུ་དུས་ནམ་ཡང་ཏང་གི་སློབ་གྲྭ་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དང་རྒྱུ་སྤུས་ལ་བརྟེན་ནས་སློབ་གྲྭ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆེས་གཟབ་ནན་གྱི་ཆབ་སྲིད་ཚད་གཞི་དང་སློབ་སྦྱོང་ཚད་གཞི། སློབ་ཁྲིད་ཚད་གཞི། དོ་དམ་ཚད་གཞི་བཅས་བརྩ་སྲུང་བྱས་ནས། སྲོལ་ངན་ཡོ་བསྲང་བྱེད་ཆས་དང་ཏང་གཤིས་སྦྱོང་བརྡར་བྱེད་ཡུལ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཕྱོགས་སྟོན་བཅས་ཀྱི་ནུས་པ་འདོན་དགོས། ཏང་གི་སློབ་གྲྭའི་གཟི་བརྗིད་ལྡན་པའི་གོམས་སྲོལ་དང་ཕུལ་བྱུང་ཀུན་སྤྱོད་ཀྱི་སློབ་གསོར་ཤུགས་སྣོན་པ་དང་། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གྱི་སློབ་གསོར་ཤུགས་བསྣན་ནས།ཏང་གི་སློབ་གྲྭའི་དགེ་རྒན་གྱིས་སེམས་རྣལ་དུ་ཕབ་ནས་རིག་གནས་གཉེར་བ་དང་། ཁེངས་སྐྱུང་གིས་བཀའ་འདྲི་ཞུ་བ། སེམས་ཞིབ་མོས་མི་སྣ་སྐྱེད་སྲིང་བྱེད་པ་བཅས་ལ་ཁྲིད་སྟོན་བྱེད་དགོས། རིམ་པ་སོ་སོའི་ཏང་གི་སློབ་གྲྭས་འཛིན་ཕོད་པ་དང་དོ་དམ་བྱེད་ཕོད་པ། ནན་མོར་འཛིན་པ་དང་དོ་དམ་ནན་མོ་བྱེད་པ་བཅས་བྱས་ཏེ། སློབ་མ་རྣམས་ཏང་གི་སློབ་གྲྭར་ཐོན་མ་ཐག་སློབ་སྦྱོང་གི་མཁའ་དབུགས་དང་བབ་ཆགས་ཀྱི་མཁའ་དབུགས། སྤྱོད་གཙང་གི་མཁའ་དབུགས་བཅས་ཚོར་དུ་འཇུག་དགོས། རྒྱུ་སྤུས་ལ་བརྟེན་ནས་སློབ་གྲྭ་སྐྱོང་བ་དེ་སློབ་སྒྲུབ་སློབ་སྐྱོང་གི་ཚེ་སྲོག་བཟོ་སྐྲུན་དུ་བརྩིས་ནས། ཚད་གཞི་མཐོན་པོས་སློབ་གྲྭ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འཇོན་མིའི་དཔུང་སྡེ་ཞེས་པའི་གནད་འགག་འདི་དམ་འཛིན་བཟང་བོ་བྱས་ཏེ། འཇོན་མིར་བརྟེན་ནས་སློབ་གྲྭ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཧུར་ཐག་གིས་ལག་བསྟར་བྱེད་དགོས།

མཇུག་མཐར་ཞི་ཅིན་ཕིང་གིས་ཏང་གིས་ཏང་གི་སློབ་གྲྭའི་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ང་ཚོའི་ཏང་གིས་ཏང་གི་སློབ་གྲྭ་སྒྲུབ་པའི་རྩ་བའི་ཉམས་མྱོང་ཡིན་པ་དང་།   ཏང་གི་སློབ་གྲྭའི་ལས་དོན་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རྩ་བའི་འགན་སྲུང་ཡང་ཡིན།   ཏང་ཡོངས་ཀྱིས་ཏང་གི་སློབ་གྲྭ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།   འབྲེལ་ཡོད་འགན་ནུས་སྡེ་ཁག་བཅས་ཀྱིས་འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་སློབ་གྲྭའི་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན།

ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭས་ཟླ་གསུམ་པའི་ཚེས་གཅིག་ཉིན་སློབ་གྲྭ་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཉིས་སྟོང་ཉེར་གསུམ་ལོའི་དཔྱིད་དུས་སློབ་སྐབས་འགོ་རྩོམ་པའི་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཁྲིན་ཞི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱེད་སྐབས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་ངོ་དགུ་བཅུའི་རིང་གི་ལོ་རྒྱུས་གྲུབ་འབྲས་དང་འོད་སྟོང་འབར་བའི་བྱས་རྗེས་ལ་ཕྱིར་དྲན་དང་སྤྱི་སྡོམ་བྱས་པ་དང་།  ཏང་གི་ཆེད་དུ་འཇོན་མི་སྐྱེད་སྲིང་བྱེད་པ་དང་ཏང་གི་ཆེད་དུ་ཇུས་འབུལ་བྱེད་པའི་ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་པས།  དེ་ནི་དུས་རབས་གསར་པའི་ཏང་གི་སློབ་གྲྭའི་ལས་དོན་འཕེལ་རྒྱས་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་ཡིན།   རིམ་པ་སོ་སོའི་ཏང་གི་སློབ་གྲྭས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་དགོས་པ་དང་།  གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ།  འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ།   རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ།   སྐྱོད་ལམ་གསར་པའི་སྟེང་ཏང་གི་སློབ་གྲྭའི་བྱ་བའི་རྣམ་པ་གསར་པ་བཏོད་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

གྲོས་ཚོགས་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་གཞས་ཁྲོད་མཇུག་སྒྲིལ།

ལིས་ཀན་ཅེ་དང་ལིས་ཧྲུའུ་ལེ།   ལིའུ་ཅིན་ཀའོ་བཅས་གྲོས་ཚོགས་ལ་ཞུགས།

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་དང་ཀྲུང་གོ་ཕུའུ་ཏུང་།  ཅིན་ཀང་རི་བོ།   ཡན་ཨན་ལས་བྱེད་པའི་སློབ་གླིང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལས་བཟོ་བའི་འཐུས་མི།  སློབ་གྲྭར་ཡོད་པའི་སློབ་མ།   ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་སྔོན་ཆད་ཀྱི་སློབ་གླིང་གི་འགོ་ཁྲིད་པ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་སོགས་གྲོས་ཚོགས་ལ་ཞུགས།    གྲོས་ཚོགས་བརྙན་འཕྲིན་ཁ་པར་གྱི་རྣམ་པ་བརྒྱུད་དེ་བསྡུས་པ་དང་།  ཀྲུང་གོ་ཕུའུ་ཏུང་དང་ཅིན་ཀང་རི་བོ།   ཡན་ཨན་ལས་བྱེད་པའི་སློབ་གླིང་བཅས་སུ་ཡན་ལག་ཚོགས་ར་བཙུགས།

ཕྱུག་ལོས་བསྒྱུར།