ཞི་ཅིན་ཕིང་གིས་ཞི་ལ་རུ་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་བའི་ཐད་ནས་ཞི་ལ་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་ཁུ་ལ་ལོ་ཕུའུ་ལུའུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།
2023.03.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

ཟླ་གསུམ་པའི་ཚེས་གཅིག་ཉིན།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཞི་ལ་རུ་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་བའི་ཐད་ནས་ཞི་ལ་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་ཁུ་ལ་ལོ་ཕུའུ་ལུའུ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་ཞི་ལ་རྒྱལ་ཁབ་ཏུ་མེ་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་ཤེས་རྗེས།  ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ་འདས་པོར་མྱ་ངན་ཞུ་བ་དང་འདས་པོའི་ཁྱིམ་མི་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་ཡིན་ལ།   རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ་ཞེས་བསྟན།

                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།