རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བ་དང་གཟེངས་བསྟོད་ཚོགས་ཆེན་བསྡུས།
2023.03.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་གསུམ་པའི་ཚེས་གཅིག་ཉིན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིང་ནས་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བ་དང་གཟེངས་བསྟོད་ཚོགས་ཆེན་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་དཔེ་ལེགས་ཀྱི་འཐུས་མི་ལ་བྱ་དགའ་གནང་།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲིན་ཡའོ་ཡའོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཆེན་སྟེང་རྒྱལ་ཡོངས་གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་མིག་དཔེ་བཅུ་དང་རྒྱལ་ཡོངས་གསུམ་བརྒྱད་དར་དམར་སྒྲེང་མཁན་ཉིས་བརྒྱ་དང་གོ་བརྒྱད། རྒྱལ་ཡོངས་གསུམ་བརྒྱད་དར་དམར་ཐུན་མོང་བརྒྱ་དང་གོ་དགུ། རྒྱལ་ཡོངས་བུད་མེད་བྱས་རྗེས་འཇོག་མཁན་གྱི་མིག་དཔེ་དགུ་བརྒྱ་དང་གོ་དྲུག རྒྱལ་ཡོངས་བུད་མེད་དཔལ་ཡོན་ལས་གནས་སྟོང་གཅིག་དང་དགུ་བརྒྱ་གོ་གཉིས། རྒྱལ་ཡོངས་བུད་མེད་བྱས་རྗེས་བཞག་པའི་སྔོན་ཐོན་ཐུན་མོང་ལྔ་བརྒྱ་བཅས་ལ་གཟེངས་བསྟོད་བྱས་པ་དང་། རྒྱ་ཆེའི་བུད་མེད་རྣམས་ལ་བུད་མེད་ཀྱིས་ཏང་ལ་བློ་ཁ་ཕྱོགས་ཏེ་སྐྱོད་ལམ་གསར་བར་འབད་པས་བསྐྱོད་ཅེས་པའི་གྲོས་མགོ་བཏོན། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མིག་དཔེའི་འཐུས་མི་ཆན་སོ་ཡུན་དང་དབྱང་ཅ། ཝུའུ་ལིས་ཀྲུའུ། ཝང་ཧོས་བཅས་ཀྱིས་གཏམ་བཤད།

གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བུད་མེད་དང་བུད་མེད་ལས་དོན་འཕེལ་རྒྱས་ཐད་ལ་ཧ་ཅང་མཐོང་ཆེན་དང་ཐུགས་ཁུར་གནང་བ་དང་། རང་རྒྱལ་གྱི་བུད་མེད་ལས་དོན་ལ་མགོ་ཁྲིད་དེ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། རྒྱ་ཆེའི་བུད་མེད་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། དར་ཆ་མཐོན་པོར་སྒྲེང་ཞིང་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྲུན་ལ་ཡིད་འཇོག་བྱེད་པ། རླབས་ཆེན་ལས་དོན་གྱི་འཛུགས་སྐྲུན་མཁན་དང་དཔལ་ཡོན་དར་སྲོལ་གྱི་གྲོས་འདོན་མཁན། སྤོབས་པ་ཆེན་པོས་རེ་སྙེག་བྱེད་པའི་འབད་འཐབ་མཁན་བཅས་བྱེད་པར་བརྩོན་ལེན་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས།

                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།