ལིས་ཁི་ཆང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་པ་ཀི་ཨོར་ཅི་ཡེ་ཝ་ལ་ཁ་པར་བཏང་།
2023.03.02 ཁུངས། ཀློག་གྲངས། 23

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་གཅིག་ཉིན་དུས་ཆད་ལྟར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་པ་ཀི་ཨོར་ཅི་ཡེ་ཝ་ལ་ཁ་པར་བཏང་།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཐེབས་རྩ་རྩ་འཛུགས་བར་དུ་མཉམ་ལས་བྱས་ན་ཕན་ཚུན་ཕྱོགས་གཉིས་ལ་ཕན་ཁེ་ལྡན་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགྲན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་བར་ཡང་ཕན་ཁེ་ལྡན། ཀྲུང་གོ་སྒྲོམ་གཞིའི་འོག་གི་རྒྱལ་ཁབ་བུ་ལོན་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་པར་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་ཟབ་ཞུགས་བྱེད་འདོད་ལ། དུས་མཉམ་དུ་ཕྱོགས་སོ་སོས་ཐུན་མོང་གིས་འགུལ་སྐྱོད་སྤེལ་བ་དང་འདྲ་མཉམ་གྱིས་འགན་ཁུར་བའི་བསམ་ཚུལ་འདོན་ངེས་ཡིན།

ལིས་ཁུ་ཆང་གིས་བསྟན་དོན། ན་ནིང་རྒྱལ་སྤྱིའི་དངུལ་ལོར་འགྲེམ་ཐལ་ཤོར་བའི་རྒྱབ་ལྗོངས་འོག  ཀྲུང་གོས་དཔལ་འབྱོར་བརྟན་འཇགས་འཕར་སྣོན་བྱུང་བ་དང་དངུལ་ལོར་འགྲེམ་ཐལ་ཤོར་བར་བཀག་འགོག་བྱས་ལ། སྡོད་དམངས་འཛད་སྤྱོད་ཀྱི་རིན་གོང་འཕར་ཚད་བརྒྱ་ཆའི་གཉིས་རེད། རིམས་ནད་བྱུང་བའི་ལོ་གསུམ་གྱི་རིང་ལ། ང་ཚོས་སྤྱི་ཁོག་སྙོམས་སྒྲིག་གསར་སྐྲུན་བྱས་པ་དང་། ཁྲལ་འཕྲི་ཡོན་གཅོག་གི་བྱེད་ཐབས་བརྒྱུད་ནས་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་པ་ཆེ་རུ་བསྐྱེད་ལ། དཔལ་འབྱོར་ལོ་རེའི་འཕར་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔ་ལ་སླེབས་ནས། འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་མཐོ། དེང་སྐབས་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་གྱི་རྣམ་པ་དེ་བརྟན་འཇགས་ཀྱི་ཁྲོད་ནས་བསྐྱར་འཕར་འབྱུང་བཞིན་ཡོད་པ་དང་། མ་འོངས་འཕེལ་རྒྱས་ངོས་ནས་བར་སྟོང་སྔར་ལས་རྒྱ་ཆེ།

ཀི་ཨོར་ཅི་ཡེ་ཝ་ཡིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་གྱི་གནས་བབ་ཉེ་ལམ་ཤིན་ཏུ་བཟང་། མ་འོངས་པར་སྔར་བཞིན་འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོ་རུ་འགྱུར་དགོས། དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་གྱི་སྔོན་དཔག་འཆར་ཟིན་ཇེ་མཐོ་རུ་བཏང་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུ་ལོན་ཉེན་ཚབས་ལ་ཁ་གཏད་འཇལ་བར་ཤུགས་སྣོན་འདོད་ཡོད་ཟེར།

ཧི་ལི་ཧྥུན་དང་ཞའོ་ཅེ་གྲོས་ཚོགས་ལ་ཞུགས།


སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།