ཆིན་ཀང་རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བ་ནས་འཚོགས་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་གྲོས་ཚོགས་ལ་ཞུགས།
2023.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གསུམ་པའི་ཚེས་གཉིས་ཉིན། ཕྱི་འབྲེལ་པུའུ་ཀྲང་ཆིན་ཀང་རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བ་ནས་འཚོགས་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཆིན་ཀང་གིས་བཤད་དོན། དེང་སྐབས་ལྷིང་འཇགས་མིན་པའི་རྒྱལ་སྤྱིའི་གནས་བབ་དང་འཛད་མེད་རིམ་བྱུང་གི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་མདུན་དུ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འགན་འཁྲི་ཕྲག་ཏུ་འཁུར་ཞིང་ཁག་ཁུར་མཉམ་ལས་མཚོན་པར་བྱས་ནས། འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས།

ཆིན་ཀང་གིས་བསྟན་དོན། འཛམ་གླིང་གི་འཕེལ་རྒྱས་དང་དར་རྒྱས་དེ་ཞི་བདེ་བརྟན་འཇགས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་དང་འབྲལ་ཐབས་མེད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ་བཏོན་ཏེ། ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་པར་ལངས་ཕྱོགས་ཡིག་ཆ་འགྲེམ་སྤེལ་བྱས་ཤིང་། དུས་དང་རྣམ་པ་ཀུན་ཏུ་ཞི་བདེ་ཕྱོགས་སུ་ལངས་པ་དང་། ཧུར་ཐག་སྒོས་ཞི་བའི་གྲོས་མོལ་བྱེད་པར་སྐུལ་མ་གཏོང་བར་མ་ཟད་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད་ཟེར།

ཆིན་ཀང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་མཚམས་སྦྱོར་བྱས། ཆིན་ཀང་གིས་བཤད་དོན། ཀྲུང་གོ་མུ་མཐུད་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་གྲོས་རིམ་སྣ་ཚོགས་ཁྲོད་ཞུགས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར།

གྲོས་ཚོགས་ཀྱི་སྐབས་སུ། ཆིན་ཀང་གིས་ད་དུང་གཙོ་བདག་རྒྱལ་ཁབ་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་སུའུ་ཅེ་ཧྲན་དང་དེ་མིན་རྒྱལ་ཁབ་གཞན་པའི་ཕྱི་འབྲེལ་པུའུ་ཀྲང་ལ་ཐུག་འཕྲད་བྱས།

                                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།