ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གང་མང་ལ་འཚམས་འདྲི་བྱས་པར་མ་ཟད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་པའི་ཚོགས་འདུ་བསྡུས།
2023.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉེ་ལམ། ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པས་ཁུན་ནི་ཡ་དང་ཐན་ཙན་ནི་ཡ། ཝུ་ཀན་ཏ་བཅས་ལ་འཚམས་འདྲི་བྱས་པར་མ་ཟད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་པའི་ཚོགས་འདུ་བསྡུས་ནས། ས་གནས་ཀྱི་ལས་རིགས་སོ་སོའི་མི་སྣར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དོན་སྙིང་གལ་ཆེན་དང་གྲུབ་འབྲས་གཙོ་བོ་སོགས་གོ་རིམ་ལྡན་པར་རྒྱས་བཤད་བྱས།

ཕྱི་ཕྱོགས་ཀྱི་འཐུས་མིས་བཤད་རྒྱུར། དྲིལ་སྒྲོག་དང་མཚམས་སྦྱོར་གྲོས་ཚོགས་བརྒྱུད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུས་ལོན་ཟབ་མོ་བྱས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ཐད་ལ་འཆར་འགོད་བཟང་བོ་བྱས་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་པ་དང་། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།

                                                                                                        བཀྲ་ཤིས་འབུམ་གྱིས་བསྒྱུར།