ཏང་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འཁེལ་ལྟར། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱིས་ལོ་རེར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་འགན་སྒྲུབ་གནས་ཚུལ་ཡར་ཞུ་བྱེད་ཀྱིན་ཡོད། ཉེ་ལམ། འབྲེལ་ཡོད་བློ་མཐུན་གྱིས་གཏན་འཁེལ་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་འགན་སྒྲུབ་གནས་ཚུལ་ཡར་ཞུ་བྱས་པ་དང་། ཞི་ཅིན་ཕིང་གིས་འགན་སྒྲུབ་སྙན་ཞུ་ནན་ཏན་སྒོས་ཞིབ་ཀློག་བྱས་པར་མ་ཟད་རེ་བ་གལ་ཆེན་བཏོན།
ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ནི་ཏང་གི་མགོ་ཁྲིད་ཀྱི་ཆེས་མཐོ་བའི་རྩ་དོན་ཡིན། འབྲེལ་ཡོད་མགོ་ཁྲིད་བློ་མཐུན་གྱིས་ལོ་རེར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་གི་འགན་སྒྲུབ་གནས་ཚུལ་ཡར་ཞུ་ཐེངས་ཤིག་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་པ། རང་འཁྲིའི་བྱ་བར་སྐུལ་འདེད་གཏོང་བ། སྤྱོད་གཙང་རང་གཅུན་གནས་ཚུལ་བཅས་ཡར་ཞུ་བྱེད་པ་དེ་ནི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་བ་དང་། དེའི་གཞི་རྩའི་རྒྱུ་རྐྱེན་ནི་ཏང་གི་མགོ་ཁྲིད་ལ་གཡོ་འགུལ་མེད་པ་རྒྱུན་འཁྱོངས་བྱས་པ་དང་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་གཡོ་འགུལ་མེད་པ་རྒྱུན་འཁྱོངས་བྱས་པར་རག་ལས་པ་རེད། ཉིས་སྟོང་ཉེར་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་པས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོབ་བྱས་ཏེ། ཏང་ཡོངས་ཀྱིས་བློ་ཁ་གཅིག་གྱུར་དང་འགུལ་སྐྱོད་གཅིག་གྱུར། གོམ་སྟབས་གཅིག་གྱུར་སྒོས་མདུན་དུ་བསྐྱོད་པར་འགན་སྲུང་བྱེད་པ་དང་། ཧུར་ཐག་སྒོས་རྣམ་པ་བཟང་བོ་མངོན་འགྱུར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་འདིང་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།