ཞི་ཅིན་ཕིང་གིས་ཡོ་ནན་གྱི་གསར་དུ་འགན་ཁུར་བའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་། 
2023.03.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 92

ཟླ་གསུམ་པའི་ཚེས་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུའུ་ཝུན་ཧྲང་ལ་གློག་འཕྲིན་བཏང་སྟེ། ཁོ་རང་ཡོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་ནི་རི་ཆུ་གཅིག་འབྲེལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་བརྩེ་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། ན་ནིང་གི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་ངེད་གཉིས་བར་དུ་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དུ་གཏོང་བ་དང་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་ཀྱི་ཐད་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བྱུང་སྟེ། དུས་རབས་གསར་བའི་ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ཐད་ཇུས་འགོད་དང་འཆར་འགོད་ཆེན་པོ་བྱས་ཡོད། ངས་ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་པ་དང་། ཀྲུའུ་ཞི་ཝུའུ་ཝུན་ཧྲང་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་རྒྱུན་མཐུད་དང་བདེ་ཐང་། བརྟན་འཇགས་བཅས་ཀྱི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། མཉམ་དུ་ཀྲུང་གོ་དང་ཡོ་ནན་གྱི་འཐབ་ཇུས་དོན་སྙིང་ལྡན་པའི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་ཐད་མདུན་སྐྱོད་བྱེད་འདོད་ཡོད་ཅེས་གསུངས། 


བསོད་ནམས་ཚེ་རིང་གིས་བསྒྱུར།