ཟླ་གསུམ་པའི་ཚེས་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ལཱ་ཐིས་ནུའུ་པུའུ་ལ་གློག་འཕྲིན་བཏང་ནས། ཁོ་ནི་ཀྲི་རི་ཡ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ནི་ཀྲི་རི་ཡ་ནི་ཀྲུང་གོའི་ཨ་ཧྥེ་རི་ཁ་གླིང་གི་འཐབ་ཇུས་ཀྱི་གྲོགས་པོ་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་སོང་བ་ཧ་ཅང་བཟང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་གཞོགས་འདེགས་དམ་པོ་བྱས་ཡོད། ངས་ཀྲུང་གོ་དང་ནི་ཀྲི་རི་ཡའི་འབྲེལ་བ་གོང་དུ་སྤེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། གསར་དུ་བདམས་པའི་ཙུང་ཐུང་ཐིས་ནུའུ་པུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ནི་ཀྲི་རི་ཡའི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་མ་ཆད་པར་རིམ་པ་གསར་པ་ཞིག་ཏུ་གོང་འཕེལ་དུ་གཏོང་འདོད་ཡོད།
ཕྱུག་ལོས་བསྒྱུར།