རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས་མགོ་བརྩམས།
2023.03.05 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 68

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ཚེས་ལྔ་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། སྐབས་གསར་བའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སྟོང་གསུམ་ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་དང་དུ་བླངས་ནས་ཚོགས་ཆེན་ལ་ཞུགས་ཤིང་། ནན་ཏན་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བསྩལ་བའི་བླ་མེད་འགན་འཁྲི་ལག་བསྟར་བྱས། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་ཆེན་མོར་རྔམ་བརྗིད་ལྡན་ཞིང་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཡོད་ལ། ཀྲུའུ་ཞི་སྟེགས་བུའི་ཡོལ་རས་དམར་པོའི་དཀྱིལ་དབུས་སུ་རྒྱལ་རྟགས་ལ་འོད་ཟེར་ལམ་ལམ་འཕྲོ་བཞིན་ཡོད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་ཚོགས་ཆེན་ལ་འགོ་འཛིན་བྱས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ལིས་ཀན་ཅེ་དང་། ལིས་ཧོང་ཀྲུང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏཱ་ཧྥིན། ཧི་ཝེ། ཝུའུ་ཝེ་ཧྭ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་སྟེགས་བུར་བསྡད་ཡོད།

ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ལིས་ཆང་། ཝང་ཧུའུ་ཉིང་། ཧན་ཀྲིན། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཝང་ཆི་ཧྲན་སོགས་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་དོན་བདུན་ཡོད་ཅིང་། ཚེས་ལྔ་ཉིན་གྱི་སྔ་དྲོར་གྲོས་ཚོགས་ལ་ཞུགས་མཁན་སྟོང་གཉིས་དང་དགུ་བརྒྱ་ཞེ་བརྒྱད་ཡོད་པ་དང་། མི་ཉེར་དགུ་ཞུགས་མེད། ཚོགས་ཞུགས་མི་གྲངས་དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

སྔ་དྲོའི་དུས་ཚོད་དགུའི་སྟེང་། ཀྲའོ་ལི་ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། ཚོགས་མི་ཚང་མ་ཡར་ལངས་ནས་དམག་དཔུང་གཟབ་སྦྲེང་རུ་ཁག་གི་རམ་དཀྲོལ་འོག་རྒྱལ་གླུ་བླངས།

གྲོས་ཚོགས་ཀྱི་གྲོས་རིམ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་དེ་བསྡོམས་པས་ཁག་གཉིས་སུ་བགོས་ཡོད་དེ། གཅིག་ནས་འདས་པའི་ལོ་གཅིག་དང་ལོ་ལྔའི་བྱ་བར་ཕྱིར་དྲན་བྱས་པ་དང་། གཉིས་ནས་ད་ལོའི་སྲིད་གཞུང་བྱ་བའི་ཐད་གྲོས་གཞི་བཏོན།

ལིས་ཁི་ཆང་གིས་སྙན་ཞུའི་ནང་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་ཆེས་གལ་ཆེ་བའི་ལོ་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ཇུས་གཞི་འབྲི་བཞེངས་བྱས། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་ལས་འགན་མདུན་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་པ་དང་། དཀའ་ཁག་གདོང་གིས་བསུས་ནས་ཕྱོགས་ཡོངས་ནས་རིམས་ནད་འགོག་སྡོམ་བྱེད་པ་དང་། དཔལ་འབྱོར་བརྟན་འཇགས་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡིན་པའི་རེ་བ་དངོས་འབེབས་བྱས་ཏེ། ཆེ་མཐོང་གི་ཚད་འཛིན་ཤུགས་ཚད་ཇེ་ཆེར་བཏང་བ་དང་དཔལ་འབྱོར་བརྟན་འཇགས་ངང་འཁོར་སྐྱོད་ཡོང་བ་མངོན་འགྱུར་བྱས་ལ། འཕེལ་རྒྱས་སྤུས་ཚད་བརྟན་འཇགས་ངང་མཐོར་འདེགས་སུ་བཏང་བ་དང་། སྤྱི་ཚོགས་ཆེ་ཕྱོགས་ཀྱི་བརྟན་འཇགས་སྲུང་འཛིན་བྱས་ནས། རང་རྒྱལ་གྱི་འཕེལ་རྒྱས་ཐད་ལོན་པར་དཀའ་བའི་གྲུབ་འབྲས་གསར་བ་བླངས་ཡོད།

ལིས་ཁི་ཆང་གིས་སྙན་ཞུའི་ནང་བསྟན་དོན། འདས་པའི་ལོ་ལྔ་ནི་ཆེས་སྤྱིར་བཏང་མིན་པ་དང་ཆེས་རྒྱུན་ལྡན་མིན་པའི་ལོ་ལྔ་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ང་ཚོས་འཛམ་གླིང་གི་འགྱུར་ལྡོག་རྙོག་འཛིང་གི་རིམ་འགྱུར་དང་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པ། རྒྱལ་ནང་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བ་སོགས་ཀྱི་ཉམས་སད་མང་པོ་ཐེག་ཐུབ་པར་བྱས་པ་དང་། དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་བླངས་ལ། དུས་ལྟར་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ལེགས་འགྲུབ་བྱས་ཏེ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་སྐྱོད་ལམ་གསར་པར་ཞུགས།

ལིས་ཁི་ཆང་གིས་སྙན་ཞུའི་ནང་བསྟན་དོན། ལོ་ལྔའི་རིང་ལ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། ཆེ་ཕྱོགས་ཚོད་འཛིན་གསར་གཏོད་བྱས་ལ། དཔལ་འབྱོར་ལུགས་མཐུན་གྱི་བར་མཚམས་ནས་འཁོར་རྒྱུག་བྱེད་པ་སྲུང་འཛིན་བྱས་པ་དང་། དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་བླངས་ཤིང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་རྒྱ་བསྐྱེད་ལ། ཁྱབ་ཁོངས་གཙོ་བོ་དང་གནད་འགག་དུས་རིམ་གཙིགས་སུ་བཟུང་བ་དང་། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ལ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་གསར་སྐྲུན་ནུས་པ་ཆེ་རུ་བསྐྱེད། གསར་གཏོད་ཀྱིས་འཕེལ་རྒྱས་ཐད་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་པ་དང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ལ། རྒྱལ་ནང་གི་ཕན་ཡོད་དགོས་མཁོ་རྒྱ་བསྐྱེད་པ་དང་། ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་དང་རིགས་གསར་བའི་གྲོང་གསེབ་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་བར་མ་ཟད། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ནན་མོ་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་ལ། གཉིས་ཕན་མཉམ་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ཞིང་། ལྗང་མདོག་ཐཱན་དམའ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱས་ལ། སྤྱི་ཚོགས་ལས་དོན་མྱུར་དུ་འཕེལ་རྒྱས་སུ་བཏང་བ་དང་། སྲིད་གཞུང་གིས་ཁྲིམས་ལྟར་འགན་སྒྲུབ་བྱེད་པ་དང་བཅོས་སྐྱོང་གསར་གཏོད་བྱེད་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ཕྱོགས་ཡོངས་ཀྱི་བརྟན་འཇགས་རྒྱུན་འཁྱོངས་བྱས།

ལིས་ཁི་ཆང་གིས་སྙན་ཞུའི་ནང་བསྟན་དོན། ལོ་འདི་འགའི་རིང་ལ། རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ནི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འགོ་ཁྲིད་བརྟན་པོ་བྱས་པའི་མཇུག་འབྲས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་དང་མཐུན་པའི་སྒོ་ནས་སྣེ་ཁྲིད་བྱས་པའི་མཇུག་འབྲས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་གྲུབ་འབྲས་བཅས་ཡིན། ལིས་ཁི་ཆང་གིས་སྙན་ཞུའི་ནང་བསྟན་དོན། ང་ཚོས་ཀྱང་རང་རྒྱལ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཤིང་། འཕེལ་རྒྱས་དོ་མི་མཉམ་པ་དང་ཆ་མི་ཚང་ལ། གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་གསལ་བོར་ཤེས་ཡོད་པས། གནད་དོན་དང་འགྲན་རྩོད་ལ་ཐད་ཀར་ཁ་གཏོད་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་སྲིད་གཞུང་གི་བྱ་བ་ལེགས་སྒྱུར་བྱས་ནས། མི་དམངས་ཀྱི་མངགས་བཅོལ་སྟོང་ཟད་དུ་གཏོང་མི་རུང་།

ལིས་ཁི་ཆང་གིས་སྙན་ཞུའི་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ཡིན་ལ། འཕེལ་རྒྱས་ཀྱི་སྔོན་དཔག་དུས་སྐབས་ཀྱི་དམིགས་འབེན་གཙོ་བོ་ནི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་ལྔ་ཡས་མས་འཕར་སྣོན་དང་མཁར་གྲོང་གི་ལས་ཞུགས་མི་གྲངས་བྱེ་བ་གཅིག་དང་ས་ཡ་གཉིས་ཡས་མས་འཕར་སྣོན་འབྱུང་བར་བྱེད་པ་དང་། མཁར་གྲོང་དུ་ཞིབ་བཤེར་བྱས་པའི་ལས་ཤོར་གྱི་ཚད་བརྒྱ་ཆའི་ལྔ་དང་གྲངས་ཆུང་ལྔ་ཡས་མས་སུ་སླེབས་པར་བྱེད་པ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་བརྒྱ་ཆའི་གསུམ་ཡས་མས་འཕར་བར་བྱེད་པ། སྡོད་དམངས་ཀྱི་ཡོང་སྒོ་འཕར་བ་དང་དཔལ་འབྱོར་འཕར་བ་ཕལ་ཆེར་འདྲ་མཉམ་ཡིན་པར་བྱེད་པ། ཕྱིར་གཏོང་ནང་འདྲེན་ལ་བརྟེན་ནས་བརྟན་འཇགས་ལ་ཡར་སྐུལ་གཏོང་བ་དང་སྤུས་ཚད་མཐོར་འདེགས་སུ་གཏོང་བ། རྒྱལ་སྤྱིའི་གཏོང་ཡོང་ཕལ་ཆེར་དོ་མཉམ་ཡིན་པར་བྱེད་པ། འབྲུ་རིགས་ཐོན་ཚད་དེ་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་གྱི་ཡན་ལ་སྲུང་འཛིན་བྱེད་པ། ལས་ཁུངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་ཟད་གྲོན་དང་བཙོག་རྫས་ཕྱིར་འབུད་ཚད་མུ་མཐུད་དུ་ཇེ་དམའ་རུ་གཏོང་བ། འགྱུར་རྡོའི་ནུས་ཁུངས་འཛད་སྤྱོད་ལ་ཚོད་འཛིན་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྤུས་ཚད་བརྟན་འཇགས་དང་ལེགས་བཅོས་བྱེད་རྒྱུ་བཅས་ཡིན།

ད་ལོའི་སྲིད་གཞུང་བྱ་བར་གྲོས་གཞི་བཏོན་པའི་ཁྲོད་དུ། ལིས་ཁི་ཆང་གིས་གནད་ས་གཙོ་བོ་འགའ་བཏོན། གཅིག རྒྱལ་ནང་གི་དགོས་མཁོ་རྒྱ་བསྐྱེད་དགོས། གཉིས། དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་དགོས། གསུམ། གཡོ་འགུལ་མེད་པ་གཉིས་དངོས་འབེབས་བཟང་བོ་བྱེད་དགོས། བཞི། སྔར་ལས་ཤུགས་ཚད་ཆེན་པོས་ཕྱི་དངུལ་ནང་འདྲེན་དང་བཀོལ་སྤྱོད་བྱེད་དགོས། ལྔ། དཔལ་འབྱོར་དངུལ་རྩའི་ཉེན་ཁ་ནུས་ལྡན་སྒོས་འགོག་སེལ་བྱེད་པ་དང་ཞི་འཇགས་སུ་གཏོང་དགོས། དྲུག འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས། བདུན། འཕེལ་རྒྱས་ཀྱི་རྣམ་པའི་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས། བརྒྱད། གཞི་རྩའི་དམངས་ཚིས་འགན་སྲུང་དང་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་གཏོང་དགོས་པ་བཅས་རེད། སྙན་ཞུའི་ནང་། ལིས་ཁི་ཆང་གིས་ད་དུང་མི་རིགས་ཆོས་ལུགས་དང་ཕྱིར་སྡོད་རང་མིའི་ལས་དོན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན། ཞང་ཀང་དང་ཨོ་མིན་འཕེལ་རྒྱས་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་དང་དེ་མིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སྐོར་ནས་རྒྱས་བཤད་བྱས།

ལིས་ཁི་ཆང་གིས་མཇུག་མཐར་བཤད་རྒྱུར། འབད་འཐབ་ཀྱིས་མཚར་སྡུག་བསྐྲུན་པ་དང་དངོས་སྒྲུབ་ཀྱིས་འབྱུང་འགྱུར་བསྐྲུན་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་པོར་སྒྲེང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཞུམ་མེད་མདུན་སྐྱོད་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་དང་། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། 

ཚོགས་ཆེན་གྱིས་གྲོས་ཚོགས་ཀྱི་གྲོས་རིམ་གཞིར་བཟུང་ནས་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་། ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ། ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན། ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས། ཚོགས་འདུའི་སྟེང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་དུ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་སྐོར་ནས་གསལ་བཤད་བྱས།

ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སྐོར་གྱི་གསལ་བཤད་ལས་བསྟན་དོན། ཁྲིམས་འཛུགས་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་བྱེད་སྒོ་གལ་ཆེན་ཞིག་ཡིན་ལ། དེ་ནི་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་ཁྲིམས་བཀོད་ཀྱི་གོ་རིམ་བརྒྱུད་ནས་རྒྱལ་ཁབ་ཀྱི་འདོད་བློར་བསྒྱུར་བའི་བརྒྱུད་རིམ་ཞིག་ཡིན་པར་བརྟེན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ཁྲིམས་འཛུགས་བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལམ་ལུགས་དང་ཁྲིམས་འཛུགས་བྱེད་སྒོ་ཚད་ལྡན་ཅན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་ལ་གཅིག་གྱུར་སྲུང་སྐྱོབ་བྱེད་པའི་གཞི་རྩའི་བཅའ་ཁྲིམས་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ལ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པར་མ་ཟད། དེ་བསྟུན་གྱི་ལས་དོན་གལ་ཆེན་རབ་དང་རིམ་པ་སྤེལ་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་ཐད་རྒྱས་བཤད་གཏིང་ཟབ་གནང་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་དུས་རབས་གསར་པའི་ནང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

གསལ་བཤད་ལས་བསྟན་དོན།   ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པ་ནི་དུས་རབས་གསར་པར་ཏང་གིས་ཁྲིམས་འཛུགས་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་བསྣན་ཏེ་ཁྲིམས་སྐྱོང་ལ་བརྟེན་ནས་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པར་འགན་སྲུང་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་དང་།  དུས་རབས་གསར་པར་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་སྟེ་ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་པའི་དངོས་ཡོད་བླང་བྱ་ཡིན་པར་མ་ཟད།   དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ཞིང་།   དུས་རབས་གསར་པར་བཅོས་སྒྱུར་དང་ཁྲིམས་སྐྱོང་གི་འབྲེལ་བ་ཡང་དག་པར་ཐག་གཅོད་བྱེད་པའི་ལག་ལེན་ཉམས་མྱོང་ལ་སྤྱི་སྡོམ་བྱས་ཏེ་ཁྲིམས་སྐྱོང་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།  བཅོས་སྒྱུར་ཁྲོད་དུ་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བ་ཕན་ཚུན་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་དགོས་མཁོ་དངོས་ཀྱང་ཡིན།

ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བསྡོམས་པས་དོན་ཚན་སོ་བདུན་ཡོད་དེ།  གཅིག་ནི་ཁྲིམས་འཛུགས་ཀྱི་མཛུབ་སྟོན་བསམ་བློ་དང་རྩ་དོན་འཐུས་ཚང་དུ་གཏོང་བ།  གཉིས་ནི་རྩ་ཁྲིམས་དང་མཐུན་པའི་ཞིབ་བཤེར་གྱི་འབྲེལ་ཡོད་བླང་བྱ་གཏན་འབེབས་གསལ་བོ་བྱེད་པ།   གསུམ་ནི་ཁྲིམས་འཛུགས་ཇུས་ཆོད་དང་བཅོས་སྒྱུར་ཇུས་ཆོད་ཕན་ཚུན་སྦྲེལ་མཐུད་དང་ཕན་ཚུན་གཅིག་གྱུར་བྱེད་པའི་ལམ་ལུགས་ནང་རྐྱེན་འཐུས་ཚང་དུ་གཏོང་བ།   བཞི་ནི་རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དབང་ཚད་དང་ཁྲིམས་འཛུགས་གོ་རིམ།   བྱ་བའི་ནང་རྐྱེན་བཅས་འཐུས་ཚང་དུ་གཏོང་བ།   ལྔ་ནི་ལྟ་ཞིབ་སྒྲིག་གཞིའི་ནང་རྐྱེན་བཅོས་སྒྱུར་དང་འཚམ་པར་བྱས་ནས་འབྲེལ་ཡོད་ནང་དོན་ཁ་གསབ་བྱེད་པ།  དྲུག་ནི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་སྒྲིག་སྲོལ་གྱི་དབང་ཚད་དང་གོ་རིམ་འཐུས་ཚང་དུ་གཏོང་བ།  བདུན་ནི་ཐོ་འགོད་ཞིབ་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ཡིན།

གྲོས་ཚོགས་ལས་བརྡས་ཐག་བཅད་པ་བརྒྱུད་དེ།   རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་པའི་སྐོར་གྱི་ཆོད་དོན་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མིང་ཐོར་གྲོས་འཆམ་བྱུང་བ་དང་།    རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མིང་ཐོར་གྲོས་འཆམ་བྱུང་བར་མ་ཟད།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ།  ཨུ་ཡོན་བཅས་ཀྱི་མིང་ཐོར་གྲོས་འཆམ་བྱུང་།

ཀྲུའུ་ཞི་སྟེགས་བུའི་སྟེང་ད་རུང་མཱ་ཞིན་རུའེ་དང་ཝང་དབྱི།   དབྱིན་ལིས།   ཧྲི་ཐའེ་ཧྥིན།  ལིའུ་ཧི།   ལིའུ་གོ་ཀྲུང་།   ཞུའུ་ཆི་ལེང་།   སུན་ཁྲུན་ལན།   ལིས་ཧྲུའུ་ལེ།  དབྱང་ཞའོ་ཏུའུ།  ཧི་ཝེ་ཏུང་། ཧི་ལིས་ཧྥིན།  ཀྲང་ཡིའུ་ཞ།   ཀྲང་གོ་ཆིན།  ཁྲིན་ཝུན་ཆིན།  ཁྲིན་ཅི་ཉིང་།  ཁྲིན་མེན་ཨར།  ཧུའུ་ཁྲུན་ཧྭ།  ཡོན་ཅ་ཅུན།  ཧོང་ཁུན་མེན།   ལིའུ་ཅིན་གོ།  ཝང་ཞའོ་ཧུང་སོགས་ཡོད།    ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིས་ཅ་ཁྲའོ་དང་།  ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཧི་དབྱི་ཁྲིན་གཉིས་གྲོས་ཚོགས་ལ་ཟུར་ཞུགས་བྱས་པར་མ་ཟད།   ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་ཆེན་ལ་ཟུར་ཞུགས་བྱས་པ་དང་།   རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྣམས་ཚོགས་ཆེན་ལ་ཟུར་ཞུགས་བྱས།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་།  བཅིངས་འགྲོལ་དམག་གི་འབྲེལ་ཡོད་སྡེ་ཁག་དང་དྲག་ཆས་ཉེན་རྟོག་དམག་དཔུང་།   མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་འགན་ཁུར་བ་ཚོགས་ཆེན་ལ་ཟུར་ཞུགས་བྱས་ཏེ་ཟུར་ཉན་བྱས།

ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་བྱས།