ཀྲའོ་ལི་ཅི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན།   ཀྲུང་ཧྭ་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཛའ་འབྲེལ་ཚོགས་པ་བཅས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་འདུར་ཞུགས། 
2023.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཀྲའོ་ལི་ཅི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན།   ཀྲུང་ཧྭ་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཛའ་འབྲེལ་ཚོགས་པ་བཅས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོགས་འདུར་ཞུགས།   ཁྲིན་ཞིན་དབྱིན་དང་ཀྲང་ཞུའེ་ཆའོ།  ཝུའུ་གོ་ཧྭ་སོགས་ཨུ་ཡོན་གྱི་གཏམ་བཤད་ལ་ཉན་རྗེས། ཀྲའོ་ལི་ཅི་ཡིས་བསྟན་དོན།  འདས་པའི་ལོ་ལྔའི་རིང་གི་གྲུབ་འབྲས་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་འཕོ་འགྱུར་གྱིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གང་ལེགས་ཀྱིས་མཚོན་ཡོད་པ་དང་།   ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་དགེ་མཚན་མཚོན་ཡོད་པར་མ་ཟད།   ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ་མི་དམངས་དུང་ཕྱུར་མང་པོས་མཐུན་སྒྲིལ་སེམས་གཅིག་དང་དཀའ་སྤྱད་འབད་འཐབ་བྱས་པའི་བརྗིད་ཉམས་ཆེ་བའི་སྟོབས་ཤུགས་མཚོན་པར་བྱས་ཡོད།  ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་བླངས་པའི་གྲུབ་འབྲས་ཀྱིས་དམངས་གཙོ་ཏང་ཁག་སོ་སོ་དང་སྲིད་གྲོས་ཨུ་ཡོན་གྱི་སེགས་ཤུགས་དང་བློ་གྲོས་གཅིག་བསྡུས་བྱས་ཡོད།

ཀྲའོ་ལི་ཅི་ཡིས་གསུངས་རྒྱུར།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།   བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག་ཏུ།   ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གང་ལེགས་སྒོས་སྐུལ་འདེད་དང་རྒྱ་བསྐྱེད་བཏང་བ་དང་།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ལུགས་མ་ལག་ཐོག་མར་གྲུབ་པར་བྱས་ཏེ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཐད་འོད་སྟོང་འབར་བའི་མདུན་ལྗོངས་གསར་སྐྲུན་བྱས་ཡོད།    ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་དེ་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་ཡང་དག་བྱེད་དགོས།

ཀྲའོ་ལི་ཅི་ཡིས་བསྟན་དོན།   མ་འོངས་པའི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་གནད་འགག་གི་དུས་སྐབས་ཡིན་པས།   ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན།   ཀྲུང་ཧྭ་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཛའ་འབྲེལ་ཚོགས་པ་བཅས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་བློ་ཁ་གཅིག་ཏུ་ཕྱོགས་པ་དང་ཕྱོགས་གཅིག་ཏུ་ལངས་པ།   ཕྱོགས་གཅིག་ཏུ་སྒྲུབ་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པ་དང་།  ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ཏེ་སྲིད་ཏང་ལམ་ལུགས་གསར་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་།   དམངས་གཙོ་དར་སྤེལ་བྱེད་པ་དང་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་གཉིས་ཕན་ཚུན་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ།    བློ་འདོན་ཇུས་འབུལ་དང་ཐུན་མོང་གི་འདུ་ཤེས་གཅིག་བསྡུས་བྱེད་པའི་ཕྱོགས་གཉིས་ལ་ཤུགས་འདོན་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་སྟོབས་ལྡན་མཉམ་ཤུགས་གྲུབ་པར་བྱེད་དགོས།    དུས་རབས་གསར་པར་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་པའི་སྤྱིའི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་།   ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པར་བྱེད་པ། རང་སྟེང་གི་དགེ་མཚན་འདོན་སྤེལ་བྱེད་པ།   བློ་བརྟན་འགྱུར་མེད་ཀྱིས་རང་བཙན་ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་བཏང་སྟེ་མེས་རྒྱལ་གཅིག་གྱུར་ལས་དོན་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་དགོས།

                                                                                              ལྷ་མོ་ཚེ་རིང་གིས་བསྒྱུར།