རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཧྲའན་ཞི་དང་། མཚོ་སྔོན། ཀན་སུའུ། ཉིང་ཞ། ཞིན་ཅང་ཡུ་གར་རིགས་རང་སྐྱོང་ལྗོངས་བཅས་ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྲུའུ་ཞིས་མཉམ་འབྲེལ་སྒོས་ཚོགས་ཆེན་ལ་གྲོས་གཞི་སྤྲད་དེ། དར་གོས་ཚོང་ལམ་གྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་བསྐྲུན་པའི་གྲོས་གཞི་བཏོན།
དར་གོས་ཚོང་ལམ་དཔལ་འབྱོར་དར་སྤེལ་ཁུལ་འཛུགས་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་བར་རང་རྒྱལ་གྱིས་ནུབ་ཕྱོགས་སྒོ་འབྱེད་དང་ཕྱི་ཕྱོགས་མཉམ་ལས་སྤེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་འདི་འགར། ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྱིས་མཉམ་འབྲེལ་གྲོས་ཚོགས་གཙོ་གཞི་རུ་བྱས་ཤིང་། གྲོས་ཚོགས་ཀྱི་བརྗོད་སྙིང་ལ་ཞིབ་འཇུག་ཟབ་མོ་དང་། འགན་སྒྲུབ་ཇུས་འདོན་བྱེད་པ་དམིགས་སུ་བཟུང་སྟེ། དར་གོས་ཚོང་ལམ་དཔལ་འབྱོར་དར་སྤེལ་ཁུལ་འཛུགས་པར་ཞབས་ཞུ་དང་། ནུབ་བྱང་ས་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དགུ་པར། ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྱིས་དར་གོས་ཚོང་ལམ་དཔལ་འབྱོར་དར་སྤེལ་ཁུལ་འཛུགས་པར་རོགས་འདེགས་དང་ཞབས་ཞུ་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ་དང་། ཧྲའན་ཞི་ཞིང་ཆེན་གྱི་སྲིད་གྲོས་གྲོས་ཚོགས་ཀྱི་གཙོ་སྒྲུབ་ཕྱོགས་ཡིན་པའི་ཆ་ནས། ཕྱོགས་སོ་སོའི་བསམ་ཚུལ་ནན་ཏན་སྒོས་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་དར་གོས་ཚོང་ལམ་གྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་བའི་གྲོས་གཞི་འཆར་འགོད་བྱས། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྱིས་གྲོས་གཞིའི་ནང་དོན་ལ་ཐེངས་མང་པོར་མཐུན་སྦྱོར་དང་བཟོ་བཅོས་ལེགས་བཅོས་བྱས་ཏེ། མཉམ་འབྲེལ་གྲོས་གཞིའི་རྣམ་པས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་སྤྲད།
མཉམ་འབྲེལ་གྲོས་གཞིའི་ནང་བསྟན་དོན། དར་གོས་ཚོང་ལམ་ནི་ཤར་ནུབ་མཉམ་འདྲེས་དང་། བརྗེ་རེས་ཁ་བརྡ་བྱེད་པའི་ཐབས་ལམ་ཞིག་ཡིན་ལ། མིའི་རིགས་ཀྱི་ཐུན་མོང་ཕྱུག་འགྱུར་དང་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པར། དར་གོས་ཚོང་ལམ་སྟེ། ཁྲང་ཨན་ནས་ཐེན་ཧྲན་རི་བོའི་བར་གྱི་རྒྱུ་ལམ་དེ་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་ཚུད་པ་དང་། བསྡོམས་པར་གནས་ཁུལ་སོ་གསུམ་ཡོད་ལ། རང་རྒྱལ་གྱི་ས་ཁུལ་དུ་གནས་ཁུལ་ཉེར་གཉིས་ཡོད། དེ་ཚང་མ་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་ཁོངས་གཏོགས་ཡིན་པས། རྨང་གཞིའི་ཆ་རྐྱེན་བཟང་ལ། རིག་གནས་རིན་ཐང་དང་སྤྱི་ཚོགས་ཀྱི་ཁས་ལེན་ཆེན་པོ་ཐོབ་ཡོད་པས། རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་པའི་ཆ་རྐྱེན་ལེགས་པོ་ཞིག་ལྡན། དར་གོས་ཚོང་ལམ་གྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་བཙུགས་ན། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་བྱེད་པར་ཕན་པ་ལྡན་ལ། རིག་གནས་ཡུལ་སྐོར་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ།
མཉམ་འབྲེལ་གྲོས་གཞིའི་ནང་། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་སྣེ་ཁྲིད་དེ་དར་གོས་ཚོང་ལམ་གྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་བསྐྲུན་བྱེད་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ནང་རྐྱེན་གྲུབ་པར་བྱས་ཏེ། དར་གོས་ཚོང་ལམ་གྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་ངོས་ཐད་ནས་གཅིག་གྱུར་འཆར་འགོད་དང་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་དགོས་པར་འདོད་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོའི་ཁྱད་ལྡན་རིག་གནས་ཐོན་ཁུངས་མཐུན་སྦྱོར་སྡེབ་སྒྲིག་བྱས་ཏེ། ནུབ་བྱང་ས་ཁུལ་གྱི་དར་གོར་ཚོང་ལམ་གྱི་རིག་གནས་ཐོན་ཁུངས་སྤྱིའི་ཆ་ནས་མངོན་པར་བྱེད་དགོས་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྒྱུ་རྩལ་གསར་རྩོམ་གྱི་སྤུས་ལེགས་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ། སྒྱུ་རྩལ་བརྩམས་ཆོས་མིང་གྲགས་ཅན་གྱིས་རོགས་སྐྱོར་བྱེད་པའི་འཆར་གཞི་གཏན་འབེབས་བྱེད་པ་དང་། རྩ་འཛུགས་སྒོས་སྒྱུ་རྩལ་གྱི་མཛེས་ཉམས་དང་། གསར་རྩོམ་ཞིབ་སྡུར། བརྗེ་རེས་འཁྲབ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་བ་བཅས་ཀྱི་གྲོས་གཞི་བཏོན་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།