ཞི་ཅིན་ཕིང་གིས་སི་ཕེན་གྱི་རྒྱལ་བོར་གློག་འཕིན་བཏང་ནས་ཀྲུང་གོ་དང་སི་ཕེན་གྱི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས།
2023.03.10 ཁུངས། ཀློག་གྲངས། 15

ཟླ་གསུམ་པའི་ཚེས་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་གྱི་རྒྱལ་བོ་ཧྥེ་ལིས་ཕེ་སྐུ་ཕྲེང་དྲུག་པར་གློག་འཕིན་བཏང་ནས་ཀྲུང་གོ་དང་སི་ཕེན་གྱི་བར་དུ་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སི་ཕེན་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀའི་རིང་ལ་རྒྱལ་ཁབ་གཉིས་ཀས་ཕན་ཚུན་བརྩི་བཀུར་དང་། འདྲ་མཉམ་གཉིས་ཕན་རྒྱུན་འཛིན། མཛའ་བརྩེ་གཏིང་ཇེ་ཟབ་དང་མཉམ་འབྲེལ་ལ་སྐུལ་འདེད་བྱས་ཏེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་འབྲེལ་བ་བཙུགས་པར་མ་ཟད་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་དངོས་བསྐྲུན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་གོ་དང་སི་ཕིན་གྱི་འབྲེ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྒྱལ་བོ་ཧྥེ་ལིས་ཕེ་སྐུ་ཕྲེང་དྲུག་པ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་འགོ་རྩོམ་ས་གསར་བ་རུ་བྱས་ཏེ། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་པ། དམངས་སེམས་གཅིག་སྒྲིལ་ལ་ཤུགས་བསྣན་ཏེ་ཀྲུང་གོ་དང་སི་ཕེན་གྱི་མཛའ་མཐུན་མཉམ་ལས་ཀྱི་ལེའུ་གསར་བ་མུ་མཐུད་དུ་འབྲི་འདོད་ཡོད།

ཧྥེ་ལིས་ཕེ་སྐྲུ་ཕྲེང་དྲུག་པས་བསྟན་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ལོ་ལྔ་བཅུའི་རིང་ལ་ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་ངང་སྐུལ་འདེད་བྱས་ཏེ་མི་དམངས་ཀྱི་མཛའ་བརྩེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་། རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་གོ་སྐབས་སུ་བྱས་ཏེ་མཛའ་མཐུན་འགྲོ་འོང་དང་དངོས་གཉེར་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་དེ་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་དགོས།

རིག་འཛིན་ཐར་གྱིས་བསྒྱུར།