ཞི་ཅིན་ཕིང་གི་ལོ་རྒྱུས་མདོར་བསྡུས།
2023.03.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 31

ཞི་ཅིན་ཕིང་། ཕོ། རྒྱ་རིགས། 1953ལོའི་ཟླ་6པར་སྐྱེས། ཧྲའན་ཞི་ཧྥུའུ་ཕིང་གི་མི་ཡིན། 1969ལོའི་ཟླ་1པོར་བྱ་བའི་སྟེང་ཞུགས། 1974ལོའི་ཟླ་1པོར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཆིན་ཧྭ་སློབ་ཆེན་མི་ཆོས་སྤྱི་ཚོགས་སློབ་གླིང་གི་མར་ཁེ་སི་རིང་ལུགས་གཞུང་ལུགས་དང་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་ནས་སློབ་མཐར་ཕྱིན་ལ། ལས་ཐོག་ཞིབ་འཇུག་སློབ་མའི་བསླབས་གནས་ཡོད་པ་དང་ཁྲིམས་རིག་པའི་འབུམ་རམས་པའི་བསླབས་གནས་ཡོད།

ད་ལྟ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་ཁུར་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།