ཟླ་གསུམ་པའི་ཚེས་བརྒྱད་ཉིན་ནས་ཚེས་བཅུ་ཉིན་བར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་སོང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་སྦྱིན་པའི་དཔྱིད་རླུང་འགུལ་སྐྱོད་ཐད་ཀྱི་རྟོག་ཞིབ་དང་གྲོང་གསེབ་དར་སྤེལ་ཐད་ཀྱི་ལྟ་སྐུལ་མཛུབ་སྟོན་བྱ་བ་སྤེལ།
ཉི་མ་སྒྲོལ་མ་གསེར་གྱི་མདོ་ལ་འོ་ལས་ཚད་ཡོད་འགན་ལེན་ཀུང་ཟི་དང་མདོ་ལ་རྫོང་ལུས་ཏིས་ཞིང་ཕྱུགས་ལས་འཕེལ་རྒྱས་ཚད་ཡོད་ཀུང་ཟི། མདོ་ལ་དབྱི་ཏ་ཤ་ཟས་ཚད་ཡོད་ཀུང་ཟི། མདོ་ལ་ཞིང་ཕན་སྐྱེ་ལྡན་ལུད་རྫས་ཚད་ཡོད་ཀུང་ཟི། མདོ་ལ་རྫོང་ཨ་རིག་ཡུལ་ཚོ་ཆུ་འཁོར་སུམ་པོ་གླ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་སོགས་ཡུལ་ཚོ་དང་གྲོང་རྡལ། སྡེ་བ། ཁེ་ལས་སུ་སོང་ནས། ཡུལ་དངོས་རྟོག་ཞིབ་དང་སྲིད་གཞུང་དང་ཁེ་ལས་དང་བཞུགས་མོལ་བྱེད་པ། ཆེད་དོན་གྲོས་མོལ་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་བ་དང་། དཀའ་ཁག་དང་ཞུ་གཏུག་ལ་རྒྱུས་ལོན་བྱས་ལ། དཀའ་གནད་ཐག་བཅད་ནས། ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
འགན་ལེན་མཉམ་འབྲེལ་བྱས་ནས་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་། ཉི་མ་སྒྲོལ་མས། སྲིད་གཞུང་དང་ཁེ་ལས་གཉིས་ཀྱིས་མཉམ་དུ་དཀའ་ཁག་སེལ་བའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་འདུ་ཤེས་ཇེ་བརྟན་དུ་བཏང་ནས། ནང་སྐྱེས་སྒུལ་ཤུགས་ཆེར་སྐྱེད་དགོས། ཁ་ཕྱོགས་གཏན་ཁེལ་བྱས་ནས་སྲིད་ཇུས་སྤྱོད་པ་དང་། ཁེ་ལས་ལ་དངོས་སུ་རོགས་སྐྱོར་བྱེད་པའི་མཉམ་ཤུགས་གྲུབ་པར་བྱེད་པ། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། སྲིད་ཇུས་ལག་བསྟར་ནན་མོ་བྱེད་པ། རིགས་བགོས་ནས་ཁེ་ལས་ཀྱི་ཞུ་གཏུག་ལ་ཕྱོགས་ཡོངས་ལྟ་རྟོག་བྱས་ཏེ། གནད་དོན་གཙང་སེལ་བྱེད་པར་སྐུལ་འདེད་གཏོང་དགོས། གོང་འོག་མཉམ་བསྲེས་བྱས་ནས་མདོ་ལའི་ལྗང་མདོག་འཕེལ་རྒྱས་ཐད་ཀྱི་གསོན་ཤུགས་གསར་བ་ཆེར་སྐྱེད་པ། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ཞབས་ཞུ་ལེགས་བསྒྱུར་བྱེད་པ། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་ནས། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་སྲ་བརྟན་དང་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན། ཁོ་མོས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་མཉམ་ཤུགས་གཅིག་ཏུ་བསྡུ་བ་དང་། ཁེ་ལས་ཀྱི་དཀའ་ཁག་གནད་དོན་ལ་རྒྱུས་ལོན་གསལ་བོ་བྱས་ནས། དཀའ་ཁག་སེལ་བ་དང་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་སྔོན་རྩིས་གཏན་འཇགས་སུ་གཏོང་བ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་དམིགས་འབེན་མངོན་འགྱུར་བྱེད་དགོས། ཁེ་ལས་སོ་སོས་རང་འགུལ་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པར་དམིགས་ནས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ངར་སེམས་ཆེར་སྐྱེད་པ། གསོན་ཤུགས་མངོན་པ། གསར་གཏོད་བརྩོན་ལེན་བྱས་ཏེ། རང་ས་ཆའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་དགོས།
རིན་ཆེན་མཚོས་བསྒྱུར།