ཟླ་གསུམ་པའི་ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་བར། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དང་དགའ་བདེ་རྫོང་། དར་ལག་རྫོང་བཅས་ལ་སོང་ནས་སློབ་གསོ་དང་དམངས་སྲིད་བྱ་བར་རྟོག་ཞིབ་བྱས་པདང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱས་ནས་དམངས་ཚིས་དང་འབྲེལ་བའི་དོན་དངོས་བཟང་བོར་བསྒྲུབ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། ཡིད་ཚིམ་ཚད་བཅས་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།
དབྱང་ཀྲི་ཝུན་སྔ་གཞུག་ཏུ་སློབ་གྲྭ་ཁ་ཤས་དང་བྱིས་པའི་ཕན་བདེ་གླིང་། སྡེ་ཁུལ་དང་སྲིད་དོན་ཞབས་ཞུའི་ཚོམས་ཆེན་སོགས་སུ་སོང་ནས་སློབ་གྲྭའི་ལས་བཟོ་བ་དང་བྱ་བ་སྒྲུབ་མཁན་ལ་བརྗེ་རེས་གཏིང་ཟབ་བྱས་པ་དང་སློབ་གསོ་སློབ་སྒྲུབ་དང་སློབ་གླིང་གི་བདེ་འཇགས་འགོག་སྡོམ། གཞི་རིམ་སྡེ་ཁུལ་གྱི་འཛུགས་སྐྲུན་དང་སྲིད་དོན་ཚོམས་ཆེན་གྱི་ཞབས་ཞུ་སོགས་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ལ། བསམ་འཆར་དང་རེ་འདུན་ལ་ཉན་པ་དང་དཀའ་ཁག་མཐུན་སྦྱོར་སྒོས་ཐག་བཅད།
དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པར་ནམ་ཡང་རྒྱུན་མ་ཆད་པའི་མགོ་རྩོམ་ས་གསར་བ་ལས་མཇུག་བསྡུ་ས་མེད། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དམངས་ཚིས་ལས་དོན་སྐོར་གྱི་ཇུས་ཆོད་གལ་ཆེན་ལ་ཚད་ལེན་དཔེ་སྡུར་གྱིས་སྲིད་ཇུས་མ་ལག་དང་འགན་སྲུང་བྱེད་ཐབས་མུ་མཐུད་འཐུས་ཚང་དུ་གཏོང་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་ནམ་ཡང་མི་དམངས་དང་གཅིག་སེམས་གཅིག་ལ་སྦྲེལ་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ནས་མི་འདང་ས་ཁ་གསབ་དང་ཉམས་ཞན་ས་ཇེ་དྲག་ཏུ་བཏང་ནས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དམངས་ཚིས་ཞབས་ཞུའི་མཚོ་སྔོན་གྱི་མ་དཔེ་སྐྲུན་དགོས། འགན་སྲུང་བྱེད་ཤུགས་ཇེ་ཆེར་བཏང་ནས་དམངས་ཚིས་ཐད་ཀྱི་མ་དངུལ་གཏོང་ཤུགས་ཇེ་མང་ལས་ཇེ་ཉུང་དུ་མི་འགྲོ་བ་དང་དམངས་ཕན་ཤུགས་ཚད་ཇེ་དྲག་ལས་ཇེ་སྡུག་ཏུ་མི་འགྲོ་བ། དམངས་ཕན་དོན་དངོས་ཇེ་མང་ལས་ཇེ་ཉུང་དུ་མི་འགྲོ་བར་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།