ལིས་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུག་འཕྲད་གནང་བར་མ་ཟད་དྲི་བར་ལན་བཏབ།
2023.03.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 115

ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུག་འཕྲད་གནང་བར་མ་ཟད་དྲི་བར་ལན་བཏབ།

ལིས་ཆང་གིས་ཐོག་མར་བསྟན་དོན།   ང་ཚོས་ལྷག་བསམ་ཟོལ་མེད་ངང་ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ།   ཕྲག་སྟེང་དུ་བབས་པའི་ལས་འགན་ལྕི་ཞིང་འགན་འཁྲི་གཟི་བརྗིད་ལྡན་པ་གསལ་བོར་ཤེས་ཡོད།   ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག་ཏུ། མི་དམངས་ལ་དམ་པོར་བརྟེན་པ་དང་།  འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་དང་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་པར་མ་ཟད།  ཞུམ་མེད་མདུན་སྐྱོད་དང་སྤྱོད་གཙང་བཀའ་བརྩི།   སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་རང་འཁྲིའི་འགན་འཁྲི་ལ་ངོ་གནོངས་མི་དགོས་པར་བྱེད་ངེས་ཡིན།

སྐབས་གསར་པའི་སྲིད་གཞུང་གི་སྲིད་སྐྱོང་དམིགས་འབེན་དང་བྱ་བ་གཙོ་བོའི་སྐོར་གྱི་དྲི་བར་ལན་འདེབས་སྐབས།  ལིས་ཆང་གིས་བཤད་རྒྱུར།    ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་རང་རྒྱལ་གྱི་རྗེས་ཕྱོགས་ཀྱི་ལོ་ལྔ་དང་དེ་ལས་རིང་བའི་འཕེལ་རྒྱས་ཐད་ཕྱོགས་ཡོངས་ཀྱི་འཐབ་ཇུས་བཀོད་སྒྲིག་བྱས་ཡོད།   སྐབས་གསར་པའི་སྲིད་གཞུང་གི་བྱ་བ་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བཟང་བོ་དང་དོན་འཁྱོལ་བཟང་བོ་བྱེད་པ་དང་།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་འབེབས་བྱས་པའི་རླབས་ཆེན་འཆར་འགོད་ལྟར་རྒྱལ་ཡོངས་མི་དམངས་དང་མཉམ་དུ་རླབས་ཆེན་འཆར་འགོད་དེ་མངོན་འགྱུར་བྱེད་རྒྱུ་དེ་ཡིན།  ང་ཚོས་མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་འཛུགས་པ་དང་།   སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མ་ཟད།   བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ངེས་ཡིན་ཟེར།

ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་དྲི་བར་ལན་འདེབས་སྐབས།  ལིས་ཆང་གིས་བསྟན་དོན།   རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཐད་བརྟན་འཇགས་ཁྲོད་འཕར་སྣོན་འབྱུང་བའི་རྣམ་པ་མངོན་ཡོད་ལ།  དེ་དང་མཉམ་དུ་འགྲན་རྩོད་གསར་བའང་མི་ཉུང་བ་གནས་ཡོད།  ང་ཚོས་བརྟན་འཇགས་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱེད་པ།   སྤྱི་ཁོག་དཔལ་འབྱོར་དང་ནང་མཁོ་རྒྱ་བསྐྱེད།  བཅོས་སྒྱུར་གསར་སྐྲུན།   ཉེན་ཁ་འགོག་སེལ་སོགས་ཕྱོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་སྟེ་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་དྲི་བར་ལན་འདེབས་སྐབས།  ལིས་ཆང་གིས་བཤད་རྒྱུར།   རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་འགྲོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྒྱས་བཤད་ཟབ་མོ་བྱས་པ་དེས།   དམངས་གཉེར་ཁེ་ལས་པར་སྐུལ་མ་ཆེན་པོ་ཐེབས།   འགྱུར་བ་མེད་པ་གཉིས་ནི་ཡུན་རིང་གི་བྱེད་ཐབས་ཡིན་ཏེ་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ཁོར་ཡུག་སྔར་ལས་བཟང་བ་དང་འཕེལ་རྒྱས་བར་སྟོང་སྔར་ལས་ཆེ་ལ།   དམངས་གཉེར་དཔལ་འབྱོར་ལ་ནུས་པ་འདོན་སའང་མང་པོ་ཡོད།  རྒྱ་ཆེའི་དམངས་གཉེར་ཁེ་ལས་པ་རྣམས་ཀྱིས་ཕུལ་བྱུང་ཁེ་ལས་པའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་།  ཡིད་ཆེས་བརྟན་པོས་མདུན་དུ་བསྐྱོད་དེ་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ་སྔར་ལས་འོད་སྟོང་འབར་བའི་ལས་སྐྲུན་ལོ་རྒྱུས་འབྲི་རྒྱུ་ནི་རེ་བ་ཡིན་ཟེར།

ལས་ཞུགས་སོགས་དམངས་ཚིས་ཐད་ཀྱི་དྲི་བར་ལན་འདེབས་སྐབས།  ལིས་ཆང་གིས་བཤད་རྒྱུར།   ལས་ཞུགས་གནད་དོན་ཐག་གཅོད་པའི་གཞི་རྩ་དེ་སྔར་བཞིན་དཔལ་འབྱོར་འཕེལ་རྒྱས་ལ་རག་ལས་ཡོད། ང་ཚོས་ལས་ཞུགས་སྔོན་དུ་འགྲོ་བའི་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།   སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ།   བྱེད་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་གནས་གཏན་འཇགས་སུ་གཏོང་བ་དང་རྒྱ་བསྐྱེད་དེ་མཐོ་རིམ་མཐར་ཕྱིན་སློབ་མ་སོགས་མི་ཚོགས་གཙོ་བོས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

གྲོང་གསེབ་དར་སྤེལ་དང་འབྲུ་རིགས་བདེ་འཇགས་གནད་དོན་ལ་ལན་འདེབས་སྐབས། ལིས་ཆང་གིས་བསྟན་དོན། ཏང་ཀྲུང་དབྱང་གི་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་པ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་བཀོད་སྒྲིག་སྣ་ཚོགས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཇེ་མང་དུ་གཏོང་བ་ལས་ཇེ་ཉུང་མི་གཏོང་བ་དང་། ཀྲུང་གོའི་མི་གྲངས་དུང་ཕྱུར་བཅུ་བཞི་ལྷག་གི་ཁ་རྒྱབ་གནད་དོན་དེ་རང་ཉིད་ཀྱིས་ཐག་གཅོད་པ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

སྒོ་འབྱེད་རྒྱ་བསྐྱེད་དང་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་གནད་དོན་སྐོར་ལ་ལན་འདེབས་སྐབས། ལིས་ཆང་གིས་བསྟན་དོན། ཕྱི་ཕྱོགས་སྒོ་འབྱེད་ནི་ང་ཚོའི་གཞི་རྩའི་རྒྱལ་ཇུས་ཡིན་པས། ང་ཚོས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་ངེས་ཡིན། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་དེ་ཕྱོགས་གཉིས་ཀར་འབྲེལ་བ་ཡོད་པས། ཀྲུང་གོ་དང་ཨ་མེ་རི་ཁས་མཉམ་ལས་བྱེད་ཆོག་པ་དང་མཉམ་ལས་བྱེད་དགོས་ལ། སྐོར་འགོག་དང་གནོན་ཤུགས་བྱིན་ན་སུ་ལའང་ཕན་པ་མེད།

སྲིད་གཞུང་གི་རང་ངོས་འཛུགས་སྐྲུན་གནད་དོན་སྐོར་ལ་ལན་འདེབས་སྐབས། ལིས་ཆང་གིས་བསྟན་དོན། ཞིབ་བཤེར་དང་ཞིབ་འཇུག་ཟབ་མོ་བྱས་ཏེ། ཏན་ཏིག་སྒོས་ཁྲིམས་ལྟར་སྲིད་འཛིན་པར་སྐུལ་འདེད་གཏོང་བ་དང་། གསར་སྐྲུན་རང་བཞིན་གྱི་ལག་བསྟར་ནུས་པ་མཐོར་འདེགས་དུ་གཏོང་དགོས་ལ། གཟབ་ནན་གྱི་ཚད་གཞི་དང་གཟབ་ནན་གྱི་བྱེད་ཐབས་ལ་བརྟེན་ནས་སྤྱོད་གཙང་སྲིད་གཞུང་འཛུགས་སྐྲུན་དམ་འཛིན་བྱེད་དགོས།

ལིས་ཆང་གིས་ད་དུང་རིམས་ནད་འགོག་སྡོམ་དང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ། ཞང་ཀང་དང་ཨོ་མིན་གྱི་ཁྱད་སྟོབས་འདོན་སྤེལ་བྱེད་པ་སོགས་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་དང་ཧི་ལིས་ཧྥིན། ཀྲང་གོ་ཆིན། ལིའུ་གོ་ཀྲུང་བཅས་ཚོགས་འདུར་ཞུགས།

今天(3月13日)上午,国务院总理李强在人民大会堂金色大厅会见中外记者并回答提问。

李强首先表示,我们衷心感谢党和人民的信任,深知肩负的责任重大、使命光荣。我们一定在以习近平同志为核心的党中央坚强领导下,紧紧依靠广大人民,以奋发有为的精神状态和“时时放心不下”的责任意识,忠实履行宪法和法律赋予的职责,勇毅前行、廉洁奉公、鞠躬尽瘁、不辱使命。

在回答新一届政府施政目标和工作重点问题时,李强说,党的二十大对我国今后五年和更长时期发展作了全面的战略部署。新一届政府的工作,就是要把党中央的决策部署贯彻好、落实好,把党的二十大擘画的宏伟蓝图变成施工图,与全国人民一道,一步一个脚印把宏伟蓝图变为美好现实。我们将牢固树立以人民为中心的发展思想,集中力量推动高质量发展,坚定不移深化改革开放。

在回答中国经济发展问题时,李强表示,我国经济运行呈现企稳回升态势,也面临不少新的挑战。我们将坚持稳字当头、稳中求进,打好宏观政策、扩大需求、改革创新、防范化解风险等几套“组合拳”,推动经济运行整体好转。

在回答民营经济发展问题时,李强说,全国两会期间,习近平总书记就民营经济健康发展、高质量发展作了深刻阐述,民营企业家深受鼓舞和激励。“两个毫不动摇”是长久之策,民营经济发展环境会越来越好,发展空间会越来越大,民营经济大有可为。希望广大民营企业家大力弘扬优秀企业家精神,坚定信心再出发,在新时代新征程上谱写出更加辉煌的创业史。

在回答就业等民生问题时,李强说,解决就业问题,最根本的还是要靠发展经济。我们将全面落实就业优先战略,加大政策支持力度,多措并举稳定和扩大就业岗位,更好促进高校毕业生等重点群体就业。

在回答乡村振兴和粮食安全问题时,李强表示,将全面落实党中央关于建设农业强国、做好“三农”工作、全面推进乡村振兴的各项部署,支持粮食生产的政策将只增不减,确保14亿多中国人的饭碗牢牢端在自己手中。

在回答扩大开放和中美经贸关系问题时,李强表示,对外开放是我们的基本国策,我们将坚定不移向前推进。中美两国经济你中有我、我中有你,中美可以合作,也应该合作,围堵、打压对谁都没有好处。

在回答政府自身建设问题时,李强表示,要大兴调查研究之风,扎实推进依法行政,提高创造性执行能力,以严的标准、严的措施抓好廉洁政府建设。

李强还就疫情防控、两岸关系、发挥香港澳门优势等问题回答了中外记者提问。

国务院副总理丁薛祥、何立峰、张国清、刘国中出席。