ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གྲོས་ཚོགས་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་བརྙན་རིས་ལམ་ནས་སྤེལ་རྒྱུ་ཡིན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་རྒྱུ་རེད། ཐེངས་འདིའི་གྲོས་མོལ་ཚོགས་འདུའི་བརྗོད་སྙིང་ནི། དེང་རབས་ཅན་གྱི་བགྲོད་ལམ་སྟེ། སྲིད་ཏང་གི་འགན་འཁྲི་ཞེས་པ་དེ་རེད། རྒྱལ་ཁབ་མང་བོའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཀྱི་མགོ་ཁྲིད་པ་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།