ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་ཏི་ཨར་ལ་གློག་འཕྲིན་བཏང་ནས། ཁོས་བལ་བོའི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་བལ་བོ་ནི་རི་ཆུ་འདབས་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན། གཅིག་དགུ་ང་ལྔ་ལོར་རྒྱལ་ཁབ་གཉིས་བར་དངོས་སུ་འབྲེལ་བ་བཙུགས་ནས་བཟུང་། ཀྲུང་གོ་དང་བལ་བོའི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ནས། རྒྱལ་ཁབ་ཆེ་ཆུང་བར་གྱི་ཞི་བདེ་མཉམ་གནས་དང་མཛའ་མཐུན་རོགས་རེས་ཀྱི་དཔེ་མཚོན་བསྐྲུན་ཡོད། ངས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཆེན་གང་ལེགས་བྱས་ནས། ཙུང་ཐུང་པའོ་ཏི་ཨར་དང་མཉམ་དུ་འབད་འབུངས་ལྷོད་མེད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀའི་ཆབ་སྲིད་ངོས་ཐད་ཀྱི་ཕན་ཚུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ། མི་ཆོས་རིག་གནས་ཀྱི་བརྗེ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ལ་ཁ་ཕྱོགས་ཀྱིན་པའི། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།