ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བསྡུས། ཚོགས་ཐོག་ནས་ཚོགས་འདུ་གྲོལ་རྗེས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས་རྒྱུ་གཏན་འཁེལ་བྱས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་བྱས་ཏེ་གཏམ་བཤད།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པས་རྒྱལ་ཡོངས་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དང་འབྲེལ་གཏུག་བྱེད་པའི་ལས་བགོས་ལ་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་སོ་སོར་ཕུལ་བའི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་བཀོད་སྒྲིག་སྐོར་གྱི་བསམ་འཆར་སྙན་ཞུར་ཉན་པ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པའི་ལས་གནས་བསྐོ་འཇོག་གི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་དུ་བསྐོ་འཇོག་བྱས་པའི་མི་སྣས་རྩ་ཁྲིམས་ལ་དམ་བཅའ་འཇོག་དགོས་པའི་འབྲེལ་ཡོད་བཀོད་སྒྲིག་སྐོར་གྱི་སྙན་ཞུར་ཉན།
ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ནི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་བསྐོ་འཇོག་བྱེད་དགོས་པའི་གྲོས་འགོ་བཏོན།
ཀྲའོ་ལི་ཅི་ཡིས་ཨུ་ཡོན་ཀྲང་ཚོགས་འདུའི་ཁོངས་མིས་ངེས་པར་དུ་ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་ལྷག་བསམ་རྣམ་དག་འཛིན་པ། རྩ་ཁྲིམས་དང་བཅའ་ཁྲིམས་ལ་ལྷག་བསམ་རྣམ་དག་འཛིན་པ། རང་འགན་ནན་སྒྲུབ་དང་བསམ་པ་རྣམ་དག་གིས་བྱས་རྗེས་འཇོག་པ། དམངས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་བཟང་བོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱས་ནས། དམངས་ཆེན་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཟེར།
ཀྲའོ་ལི་ཅི་ཡིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རང་རྟོགས་སྒོས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས་སྲིད་ཇུས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་དམངས་ཆེན་ལས་དོན་ཁྲོད་ཁྱོན་ཡོངས་ནས་དངོས་འབེབས་དང་ཕན་འབྲས་ལྡན་པའི་སྒོ་ནས་ལག་བསྟར་ཐུབ་པར་འགན་ལེན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་རྒྱུ་དེ་དམངས་ཆེན་ལས་དོན་གྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་ལེན་གང་ལེགས་བྱེད་པ། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྟག་དཔྱད་ཞིབ་འཇུག་དང་ཐབས་ཇུས་དམངས་ལ་འདྲི་བ་གཙིགས་སུ་འཛིན་པ། རང་རྟོགས་སྒོས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་འཛུགས་པ། ཨུ་ཡོན་ཀྲང་ཚོགས་འདུའི་ཁོངས་མི་ཡི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ། “ངེས་པར་དུ་གསུམ”བློ་ལ་བརྟན་པོར་འཛིན་རྒྱུ་དང་ལག་བསྟར་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཀུན་གྱི་སྣེ་ཁྲིད་དེ་ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་བྱ་སྤྱོད་མེད་པར་བཟོ་བ། ཐོག་མཐའ་བར་གསུམ་དུ་འབད་འབུངས་ཡར་བརྩོན་གྱི་བསམ་པའི་འཁྱེར་སོ་དང“དུས་ནམ་ཡང་སེམས་ཁྲལ་བྱེད་ཀྱིན་པའི”འགན་འཁྲིའི་འདུ་ཤེས་རྒྱུན་འཁྱོངས་བཅས་བྱས་ནས། དམངས་ཆེན་གྱིས་ལས་གནས་སྟེང་དུ་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གྱིས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།