ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2023.03.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱས་འཛོམས་གྲོས་ཚོགས་བཅས་ཀྱི་དགོངས་དོན། སྲིད་གཞུང་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བཅས་བརྒྱུད་སྒྲོག་སློབ་སྦྱོང་བྱས་པར་མ་ཟད། དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ནས་བསྟན་དོན། ཐེངས་འདིའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པའི་ཐོག་མའི་ལོར་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་ཞིང་། གྲོས་ཚོགས་ནས་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་པ་བདམས་ཐོན་བྱུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འདེམ་ཤོག་ཡོད་ཚད་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་པ་དང་། དེ་ལས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་སེམས་འདུན་མངོན་པར་མཚོན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་དེར་རྣམ་པ་རྔམ་བརྗིད་ལྡན་ཞིང་དགོངས་པ་གཏིང་ཟབ་ལ། ནང་དོན་ཕུན་སུམ་ཚོགས། ང་ཚོས་སྐྱོད་ལམ་གསར་བར་འབད་འཐབ་བྱེད་པར་གཞི་རྩའི་སྲུང་བྱ་དང་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པ་དེ་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་དམ་འཛིན། དངོས་འབེབས་བཅས་བྱེད་པར་འབད་བརྩོན་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་བཅས་དངོས་འབེབས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་ལག་ལེན་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཟུང་འབྲེལ་བྱས་ནས། མཉམ་དུ་སློབ་སྦྱོང་བྱས་ནས་གོ་བ་ལེན་པ་དང་མཉམ་དུ་ལག་ལེན་དངོས་འབེབས་བྱེད་དགོས།

ཚོགས་ཆེན་གཉིས་ཀྱི་དོན་སྙིང་གལ་ཆེན་དང་བླངས་པའི་གྲུབ་འབྲས་ཆེན་པོར་ངོས་འཛིན་གང་ལེགས་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བྱེད་པ། དར་ཆ་མཐོན་པོར་བསྒྲེངས་ནས་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་གཅིག་བསྡུས་དང་དངོས་འབེབས་བྱེད་པའི་ཆབ་སྲིད་འགན་འཁྲི་ཁུར་དུ་ལེན་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ཁྱད་སྟོབས་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་སྙིང་དེར་དམ་པོར་དམིགས་ཏེ། ནུབ་བྱང་གི་ལྷད་མེད་གློག་གི་བར་ཁྱམས་གསར་བསྐྲུན་བྱེད་པ་དང་ཐོན་ལས་ཀྱི་གནས་བཞིའི་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་ཆགས་པར་བྱེད་པ་སོགས་ཐད་ཀྱི་གནད་དོན་གལ་ཆེན་གནད་དུ་བཟུང་ནས། གཏིང་ཟབ་ཏུ་རྟོག་ཞིབ་གྲོས་མོལ་བྱས་ནས་ཆུ་ཚད་མཐོ་བའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་དགོས་ཟེར།

གྲོས་ཚོགས་ནས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ལོ་ཧྲིལ་བོའི་བྱ་བའི་གཙོ་གནད་དང་ལོ་ཧྲིལ་བོའི་གྲོས་མོལ་བྱ་བའི་བཀོད་སྒྲིག སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས་གཉིས་པའི་བཀོད་སྒྲིག་བསམ་འཆར་སོགས་ལ་གྲོས་ཞིབ་བྱས་ཏེ། ཉེ་སྔོན་གྱི་བྱ་བའི་གཙོ་གནད་ལ་ཞིབ་འཇུག་བྱས།

ཞིང་ཆེན་སྲིད་གྲོས་མགོ་ཁྲིད་ཚན་ཁག་གི་ཁོངས་མི་རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥུན་ཧྲིན། ལིས་ཞའོ་ནན། ཐེན་ཁོས། ལིའུ་ཏཱ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་། ཕིན་ཡིའུ་ཏུང་བཅས་གྲོས་ཚོགས་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།