ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་རུ་རྟོག་ཞིབ་བྱས།
2023.03.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་རུ་རྟོག་ཞིབ་བྱེད་པར་སོང་། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱེད་པ། དར་ཆ་མཐོན་པོར་བསྒྲེང་བ་དང་དམངས་སེམས་གཅིག་ཏུ་བསྡུ་བ། མི་གསར་པ་སྐྱེད་སྲིང་བྱེད་པ། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་འགྲེམ་སྟོན་བྱེད་པའི་འགན་འཁྲི་ལས་འགན་ཕྲག་ཏུ་བླངས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་དང་དགོངས་དོན་གྱི་སྙིང་སྟོབས་ཆེན་པོ་འདོན་སྤྲོད་བྱེད་དགོས།

ཁྲིན་ཀང་ཐོག་མར་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པའི་ཡིག་ཚགས་ཁང་དང་རྩ་འཛུགས་ཁྲུའུ་གཉིས་པ། ལས་བྱེད་པའི་ལྟ་སྐུལ་ཁྲུའུ་བཅས་ལ་སོང་ནས། བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། བྱ་བའི་སྙན་ཞུ་ལ་ཉན་རྗེས། ཁོས་ནན་གྱིས་བསྟན་དོན། ཏང་གི་རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་གཙོ་གནད་དམ་འཛིན་བྱེད་པ་དང་། གཞི་རིམ་དམ་འཛིན་བྱེད་པའི་ཁྲིད་ཕྱོགས་མངོན་གསལ་འཛུགས་པ། རྩ་འཛུགས་མ་ལག་སྟོབས་ལྡན་འཛུགས་སྐྲུན་བྱས་ནས། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་གྱི་སྲོག་ཤིང་དམ་འཛིན་བྱེད་པ་དང་། མི་འདེམ་མི་བཀོལ་གྱི་ཁྲིད་ཕྱོགས་བརྟན་པོ་འཛུགས་པ། བྱ་བ་བསྒྲུབ་འདོད་པ་དང་བྱ་བ་བསྒྲུབ་ཐུབ་པ། དོན་དག་མི་འབྱུང་བའི་ལས་བྱེད་པ་བཀོལ་སྤྱོད་བྱེད་པ། ཉིན་རྒྱུན་དུ་ལས་བྱེད་པར་སེམས་ཁུར་དང་གཟིགས་སྐྱོང་བྱེད་པ། ན་གཞོན་ལས་བྱེད་པ་དང་བུད་མེད་ལས་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པའི་སྐྱེད་སྲིང་འདེམས་བསྐོ་ལ་དོ་སྣང་བྱས་ཏེ། ལས་བྱེད་པ་རྒན་པའི་དགེ་མཚན་དང་ནུས་པ་འདོན་སྤེལ་བྱེད་དགོས། ཤེས་ལྡན་མི་སྣ་འཛུགས་སྐྲུན་གྱི་རྨང་གཞི་དམ་འཛིན་བྱེད་པ་དང་། ཤེས་ལྡན་མི་སྣ་བྱ་བའི་ཤུགས་འདོན་ས་དང་རྐང་འཛུགས་ས་ཡང་དག་འཚོལ་བ། ཁ་གཏད་རོགས་སྐྱོར་གྱི་ལམ་བུ་དང་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་སྟེགས་བུ་སོགས་བཀོལ་སྤྱོད་བཟང་བོ་བྱས་ནས། ཞིང་ཆེན་ཡོངས་འཕེལ་རྒྱས་སུ་གཏོང་ཆེད་རིག་སྟོབས་གཅིག་ཏུ་བསྡུ་དགོས། ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་གྱི་གཞི་རྩ་དམ་འཛིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། དྲང་ཕྱོགས་ཀྱི་དཔེ་མཚོན་ལ་སློབ་སྦྱོང་བྱེད་པ། ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་བརྟེན་ནས་དོགས་ཟོན་ཇེ་མཐོར་གཏོང་བ། རྩ་འཛུགས་བྱ་བའི་ལས་བྱེད་པའི་སྣང་བརྙན་བཟང་བོ་འཛུགས་པ། རྩ་འཛུགས་སྡེ་ཁག་གི་དབང་ཟིལ་ལ་སྲུང་སྐྱོབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་རུ། ཁྲིན་ཀང་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་དང་གསར་འགྱུར་ཁྲུའུ་རུ་སོང་ནས། རིག་གནས་གྱང་ངོས་ལ་ལྟ་སྐོར་བྱས་པ་དང་། ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་བྱས་པར་མ་ཟད་ཚང་མ་བརྒྱུད་དེ་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་ལས་ཁུངས་དང་ཞིང་ཆེན་ཁོངས་གཏོགས་ཀྱི་གསར་འགྱུར་སྨྱན་བྱད་ལ་འཚམས་འདྲི་བརྒྱུད་སྒྲོག་བྱས། བྱ་བའི་སྙན་ཞུ་ལ་ཉན་རྗེས། ཁོས་ནན་གྱིས་བསྟན་དོན། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་སེམས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། དུར་རབས་གསར་བའི་ལོ་བཅུའི་ཏང་དང་རྒྱལ་ཁབ། ལྷག་པར་དུ་མཚོ་སྔོན་དུ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ལ་ཟུང་འབྲེལ་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅངས་པའི་དྲིན་གཟོའི་བསམ་པ་དང་དགའ་གུས་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་དགོས། འདུ་ཤེས་འཛིན་སྟངས་བྱ་བའི་འགོ་ཁྲིད་དབང་ཆ་ལག་ཏུ་དམ་པོར་འཛིན་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་དགོངས་པ་དར་སྤེལ་གཏོང་བ། ནོར་འཁྲུལ་གྱི་བསམ་ཕྱོགས་དང་སྐད་ཆར་འགོག་རྒོལ་བྱེད་པ། འགོ་ཁྲིད་ལས་བྱེད་པས་དྲ་རྒྱའི་གླེང་ཕྱོགས་ལ་དོ་སྣང་བྱེད་པའི་བྱ་བའི་གོམས་སྲོལ་སྐྱེད་སྲིང་བྱས་ནས། དེའི་ཁྲོད་ནས་གནད་དོན་འཚོལ་བ་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས། ཐུན་མོང་ལ་དབང་བའི་བསམ་པའི་དཔལ་ཡོན་གྱི་ཁྱིམ་གཞི་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པ་གཙོ་ཐིག་ཏུ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གཅིག་འདོམས་སུ་བྱེད་པ། དམར་མདོག་གི་རིག་གནས་རྒྱུན་འཛིན་བྱེད་པ། དང་བླངས་ཞབས་ཞུའི་ཚོང་རྟགས་མིང་གྲགས་ཅན་དར་སྤེལ་བཏང་སྟེ། དུས་རབས་གསར་བའི་རེ་བ་དང་མཐུན་པའི་བསམ་བློའི་འདུ་ཤེས་དང་བསམ་པའི་རྣམ་པ། དཔལ་ཡོན་དར་སྲོལ། བྱ་སྤྱོད་ཚུལ་ལྡན་གྲུབ་པར་བྱེད་དགོས། རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་སུ་གཏོང་བ་དང་། རིག་གནས་ཀྱི་གོ་དོན་སྔོག་འདོན་བྱེད་པ། མཚོ་སྔོན་གྱི་གཏམ་རྒྱུད་བཤད་དེ། ལག་རྩལ་གསར་བ་དང་བྱེད་ཐབས་གསར་བ་སྤྱད་དེ་དྲང་ཕྱོགས་ཀྱི་ནུས་ཚད་བརྒྱུད་སྒྲོག་བྱེད་དགོས། བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱི་ལས་བྱེད་པས་རང་འགུལ་གྱིས་སློབ་སྦྱོང་བྱེད་པ་དང་འཚོལ་ཞིབ་དང་གསར་གཏོད་བྱས་ནས། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།

ཀྲའོ་ཡུའེ་ཞ་དང་ཝང་ཏ་ནན་གཉིས་ཀྱིས་སོ་སོར་བཞུགས་མོལ་ཚོགས་འདུ་མགོ་འཛིན་བྱས་པ་དང་། ཀྲུའུ་ཞང་ཧྥིན་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།