ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་ཐེངས་བཞི་པ་བསྡུས། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་འགོ་འཛིན་བྱས། དབྱང་ཧྥུན་ཁྲུན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལིས་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པའི་གནས་ཚུལ་སྙན་ཞུ་དང་མཚོ་སྔོན་ཞིང་ཆེན་རྩ་འཛུགས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་རེ་ཞུ་བྱས་པའི་མི་དོན་བྱ་བའི་སྐོར་གྱི་གནས་ཚུལ་གསལ་བཤད་ལ་ཉན་པ་དང་ཀྲུའུ་རིན་གྲོས་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་བརྒྱུད་སྒྲོག་དང་གསལ་བཤད་བྱེད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཉིན་རེའི་བཀོད་སྒྲིག་གི་གནས་ཚུལ་དང་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་སྲོལ་ཡིག་ལག་བསྟར་བྱེད་པའི་གནས་ཚུལ་གྱི་སྙན་ཞུ། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ནགས་ཚལ་རྩྭ་ཐང་གི་མེ་འགོག་སྲོལ་ཡིག་ཞིབ་བཤེར་སྙན་ཞུའི་འབྲེལ་ཡོད་གནས་ཚུལ། ཉིས་སྟོང་ཉེར་གཉིས་ལོའི་ཐོ་འགོད་སྙན་ཞུའི་ཞིབ་བཤེར་བྱ་བའི་གནས་ཚུལ་གྱི་སྙན་ཞུ་དང་མི་དོན་བསྐོ་འཐེན་གྲོས་གཞི་གནས་ཚུལ་གྱི་སྙན་ཞུ་བཅས་ལ་རེ་རེ་བཞིན་ཉན་པ་དང་ཀྲུའུ་རིན་གྲོས་ཚོགས་སྟེང་གོང་གསལ་གྱི་གྲོས་དོན་དག་མཚོ་སྔོན་ཞིང་ཆེན་་དམངས་ཆེན་སྐབས་བཅུ་བཞི་པའིརྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱེད་པར་རེ་ཞུ་བྱེད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པའི་གྲོས་གཞི་གྲོས་དོན་དང་འཚོགས་པའི་དུས་ཚོད། འཐུས་མིའི་གྲོས་དོན་གྱི་བྱ་བ་གཙོ་བོ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་བྱ་བའི་འཕེལ་རིམ་བཀོད་སྒྲིག་གནས་ཚུགས་སོགས་ཀྱི་སྙན་ཞུར་ཉན་པ་དང་ཀྲུའུ་རིན་གྲོས་ཚོགས་གོང་གསལ་གྱི་སྙན་ཞུ་དག་ལ་འཐད་པ་བྱུང་།
གྲོས་ཚོགས་ནས་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།
རིག་འཛིན་ཐར་གྱིས་བསྒྱུར།