ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་བཞི་པ་བསྡུས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བཅས་བརྒྱུད་སྒྲོག་དང་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་མགོ་འཛིན་བྱས་པར་མ་ཟད་རེ་བ་བཏོན། དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ཀྲང་ཧོང་ཡོན། ལོས་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།
ཚོགས་ཐོག་ནས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། རྒྱུན་མི་ཆད་པར་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་གཡུལ་འགྱེད་དང་རྒྱུན་སྐྱོང་གཡུལ་འགྱེད་མུ་མཐུད་དུ་བཟང་བོར་སྤེལ་བ། ཞིང་ཆེན་ཏང་ཨུས་བསྟན་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་བརྒྱུད་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྐང་བཙུགས་ནས་བྱ་བ་རྒྱུན་མཐུད་ངང་སྤེལ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་འགན་སྲུང་བྱེད་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་གཙོ་ཐིག་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ། སློབ་སྦྱོང་དང་ལག་བསྟར་གྱི་རང་རྟོགས་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་བ། གྲོས་ཚོགས་སྣ་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་ལོ་ཧྲིལ་བོའི་བྱ་བར་འཆར་འགོད་བྱེད་པ་དང་ལག་བསྟར་དམ་འཛིན་བྱེད་པ། ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱུན་མཐུད་སྒུལ་ཤུགས་སུ་བསྒྱུར་ནས། སྤུས་ཚད་མཐོ་བའི་སྒོ་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ནས་ད་དུང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི2023ལོའི་བྱ་བའི་གཙོ་གནད་ཀྱི་གྲོས་ཞིབ་མ་ཡིག་གི་གནས་ཚུལ་ཐད་ཀྱི་སྙན་ཞུ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བཞུགས་མོལ་ཚོགས་འདུ་དང་ལག་བསྟར་གྲོས་གཞིའི་སྙན་ཞུ་ལ་ཉན་པ་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།