མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྔ་གཞུག་ཏུ་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2023.03.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་དང་ཚེས་བཅུ་བདུན་ཉིན་ལ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་བརྒྱུད་སྒྲོག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་བྱས་ལ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་ཟབ་མོ་བྱེད་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཚུན་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོབ་གཉིས་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་དགོས། ཏང་ཀྲུང་དབྱང་གི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། ཇི་མ་ཇི་བཞིན་དུ་ལས་ཁུངས་བཅོས་བསྒྱུར་གྱི་ལས་འགན་ལག་བསྟར་ནན་མོ་བྱེད་དགོས། ཏང་ཀྲུང་དབྱང་གི་བྱ་བ་སྣ་ཚོགས་ཐད་ཀྱི་བཀོད་སྒྲིག་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས།

ཚོགས་ཐོག་ནས་བསྟན་དོན། ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་འགོ་རྩོམ་པའི་ལོར་བསྡུས་པའི་སྐབས་བརྗེ་བརྗེ་སྤྲོད་དང་སྔ་མཐུད་ཕྱི་སྤེལ་བྱེད་པའི་ཚོགས་ཆེན་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འདེམ་ཤོག་ཡོངས་རྫོགས་ཐོབ་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུ་བདམས་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་སྲོག་ཤིང་དང་མི་དམངས་ཀྱི་གཙོ་འཛིན། དམག་དཔུང་གི་དམག་སྤྱི་ལ་བཅངས་པའི་དགའ་གུས་མཚོན་ཡོད། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་དེ་སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་སུ་བསྒྱུར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་དང་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཟུང་འབྲེལ་བྱེད་པ། ལག་བསྟར་དོན་འཁྱོལ་གྱི་ཟུང་འབྲེལ་གནས་དང་རྐང་འཛུགས་ས། ཤུགས་འདོན་ས་ཡང་དག་འཚོལ་བ། སློབ་སྦྱོང་སྒྲོག་འགྲེལ་ལ་རྩ་འཛུགས་བྱེད་པ། དམིགས་འབེན་ལས་འགན་དང་འབྲེལ་མཐུད་བཟང་བོ་བྱེད་པ། ལག་བསྟར་བྱེད་ཐབས་ཇེ་བཟང་དུ་གཏོང་བ། གྲོས་གཞི་བཟང་བོར་བསྒྲུབ་པ། ལག་བསྟར་དམ་འཛིན་ནན་མོ་བྱས་ནས། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཚོ་སྔོན་ནས་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་མཐོ་རིམ་བར་གྱི་གླེང་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དེང་རབས་ཅན་གྱི་དྲི་བའི་ཐད་ཀྱི་ཀྲུང་གོའི་དྲིས་ལན་ལ་གོ་བ་ཟབ་མོ་ལེན་པ་དང་། མི་དམངས་བླ་ན་མེད་པའི་འདུ་ཤེས་བརྟན་སྲུང་བྱེད་པ། རང་ཚུགས་རང་བདག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ། བདེན་སྲུང་གསར་གཏོད་ཀྱི་འདུ་ཤེས་འཛུགས་པ། འབད་བརྩོན་ལྷོད་མེད་ཀྱི་རྣམ་འགྱུར་སྲུང་འཛིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ཟླ་གསུམ་པའི་ཚེས་བཅུ་བཞི་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཆེས་རྩ་བའི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་དུ་བརྩིས་ནས། བརྟག་བཤེར་ཞིབ་འཇུག་གི་དར་སྲོལ་དར་སྤེལ་གཏོང་བ། གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། སྲིད་གཞུང་བྱ་བ་ཚན་ལྡན་དང་གོ་རིམ་ལྡན་པ། ཕན་པ་ཡོད་པའི་སྒོ་ནས་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་ཁེ་ལས་སོགས་ལ་འཚམས་འདྲིས་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འཚམས་འདྲིའི་བྱ་བའི་རྗེས་འདེད་ལག་བསྟར་ལ་ཤུགས་སྣོན་པ་དང་། ཞིང་ཆེན་དང་པུའུ་ཡི་མཉམ་འཛུགས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ། འཐབ་ཇུས་མཉམ་ལས་སོགས་ཀྱི་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱེད་པ། སྲིད་ཇུས་ཀྱི་སྦྲེལ་མཐུད་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ། བྱ་བའི་མཉམ་ཤུགས་ཇེ་དྲག་ཏུ་གཏོང་བ། འཚམས་འདྲིའི་གྲུབ་འབྲས་རྒྱ་སྐྱེད་དེ། ཁྱབ་ཁོངས་སོ་སོའི་བྱ་བ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས2022ལོའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གནས་ཚུལ་དང2023ལོའི་བྱ་བའི་གཙོ་གནད་ཐད་ཀྱི་སྙན་ཞུ་ལ་ཉན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་འགོ་ཁྲིད་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་གོ་རིམ་ཧྲིལ་བོ་དང་ཕྱོགས་སོ་སོ་རུ་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་གཙོ་གཞི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། སྲིད་གཞུང་གི་འགན་ནུས་བསྒྱུར་བ། ཁྲིམས་ལྟར་སྲིད་འཛིན་པའི་ལམ་ལུགས་འཛུགས་སྐྲུན་ཐད་ཤུགས་སྣོན་པ། གཟབ་ནན་དང་ཚད་ལྡན། འདྲ་མཉམ། དཔལ་ཡོན་སྒོས་ཁྲིམས་འཛིན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྲིད་འཛིན་སྲིད་ཇུས་གལ་ཆེན་གྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་སྟེ། དུས་རབས་གསར་བའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཐད་ནས་ཡང་བསྐྱར་ཆུ་ཚད་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི2023ལོའི་བྱ་བའི་གཙོ་གནད་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཁབ་ཀྱི་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་འགའ། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིགས་གསར་བའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་འཆར་གཞི། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་གྱི་ཏང་སྲིད་འགོ་ཁྲིད་དང་ལས་བྱེད་པ་གཙོ་བོ་ལས་རྐང་ནས་ཕྱིར་འབུད་སྐབས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་ཐད་ཀྱི་རྩིས་བཤེར་གདེང་འཇོག་ཚོད་ལྟའི་མ་ལག མཚོ་སྔོན་ཞིང་ཆེན་གྱི་རྨོ་ཞིང་ཟིན་གཟབ་དོ་མཉམ་དམིགས་ཚད་ཉོ་ཚོང་བྱེད་ཐབས། མཚོ་སྔོན་ཞིང་ཆེན་གྱི་མེ་སྐྱོན་དོན་རྐྱེན་བརྟག་བཤེར་ཐག་གཅོད་གཏན་ཁེལ་བཅས་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས།

རིན་ཆེན་མཚོས་བསྒྱུར།